6th Arya Kshema Program Schedule, 2020

༄༅། །རྒྱ་བལ་འབྲུག་གསུམ་དུ་བཞུགས་པའི་བཀའ་བརྒྱུད་བཙུན་དགོན་ཁག་ལ་ཞུ་དོན།

འཕགས་མ་བདེ་བྱེད་མའི་དགུན་ཆོས་ཐེངས་དྲུག་པ་སྤྱི་ལོ་༢༠༢༠ ཟླ་ ༢ ཚེས་ ༡༢ ནས་ཟླ་ ༣ ཚེས་༤ བར་འཚོག་གཏན་ ཁེལ་དོན་བཞིན། སྔ་ལོའི་ཚོགས་འདུའི་དགོངས་དོན་ལྟར་ཐེངས་འདིའི་དགུན་ཆོས་ཀྱི་རྩོད་གཞི་བསྡུས་པ་འཇམ་དབྱངས་བཞད་ པའི་འཛུམ་ཟེར་ལས་བསྡུས་ཆེན་དང་། བློ་རིག་རིགས་ལམ་གསལ་བྱེད་མགོ་ནས་མངོན་སུམ་ལྟར་སྣང་ཡན། དེ་བཞིན་དྭགས་ པོའི་ཐར་རྒྱན་དང་། སྒྲོལ་དཀར་དངོས་གྲུབ་ཀུན་སྩོལ། ཀམ་ཚང་ཚེ་རིང་མའི་ཕྲིན་ཆོག གཅོད་ཀྱི་ཚོགས་ལས་རིན་ཆེན་ཕྲེང་བ། སྡང་བ་རྣམ་སྲེག བཙུན་མའི་བསྟན་པ་རྒྱས་ཆོག་བཅས་ཀྱི་ཕྱག་དཔེ་དང་། ནམ་དུས་དང་འཚམས་པའི་ན་བཟའ་བཅས་བསྣམས་ ཕེབས་གྲུབ་པ་དང་། དེ་བཞིན་༧རྒྱལ་དབང་ཀརྨ་པ་ཆེན་པོའི་སྔར་ཡོད་དགོངས་གཞི་ལྟར། སྤོས་སྦྱོར་གྱི་ལག་ལེན་ཡང་བསྐྱར་ དུ་བསྟར་རྒྱུ་ཡིན་པས། བཤད་གྲྭའི་ཁོངས་གཏོགས་སུ་མེད་པའི་བཙུན་མ་ཁ་ཤས་ཕེབས་ཐུབ་ན་ལེགས། དགུན་ཆོས་སུ་ཕེབས་མཁན་དགེ་སློབ་རྣམས་ཀྱི་ཐོ་གྲངས་རགས་ཙམ་ཞིག་གྲ་སྒྲིག་ཞུ་བདེའི་ཆེད་ཟླ་བ་འདིའི་ནང་དུ་གཏོང་གནང་ ཐུབ་པ་དགོངས་འཇགས་དང་། དེ་མིན་གནས་དོན་ཐད་བཀའ་འདྲི་གནང་དགོས་ཤར་ཚེ་གློག་ཕྲིན་ aryakshema@gmail.com འདི་ལ་འབྲེལ་བ་གནང་རོགས་ཞུ།

བདེ་བྱེད་མའི་གྲ་སྒྲིག་ཚོགས་ཆུང་ནས། སྤྱི་ལོ་ ༢༠༡༩ ཟླ་༡༢ ཚེས་༡༧ ཉིན།

Image

Announcing the 6th Arya Kshema Winter Dharma Gathering, 2020

Right after the 37th Kagyu Monlam, the 6th annual Arya Kshema Winter Dharma Gathering will be held at Tergar monastery, Bodhgaya, from 12th February to 4th March 2020. As discussed during the last Arya Kshema Gathering, the topics for debate this year will be based on Collected Topics and Mind and Awareness. All nuns are requested to bring their own ritual texts such as the Jewel Ornament of Liberation, the extensive Chod ritual (A Garland of Jewels), White Tara, Tseringma, the extensive Mahakala and the ritual for the Dharma to flourish. Please bring warm clothes, appropriate for the weather. In accordance with the previous instructions of His Holiness the 17th Gyalwang Karmapa, training in incense making will be given again this year. It is recommended that nuns who are not in shedra participate in this training. In order to help the organisers and sponsors set up properly, all nunneries are kindly requested to let us know the number of nuns and teachers participating by January 2020 at the latest. For further clarification, you may email us at aryakshema@gmail.com. Thank you for your cooperation.

Image