Choose the best hosting by reading users web host reviews. Get the best joomla host online.

Статии

ཆ༽ བཙུན་མའི་དགུན་ཆོས་ཉིན་དྲུག་པའི་གསུང་ཆོས།

བྱམས་པའི་གཞུང་ཚིག་ཟིན་ནས་སྙིང་རྗེའི་གཞུང་ཚིག་ཞུ་རྒྱུར། བྱམས་པ་སྒོམ་པའི་སྐབས་ཆུང་ཕུད་བུ་ཙམ་ནས་ཆེ་གཡག་པོ་ཙམ་དུ་བསྐྱེད་པ་ཡིན་ཏེ། ཕུད་བུ་ཞེས་པ་ཐོར་ཅོག་ལ་གོ་བ་ཡིན། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། བ་མོ་ལྷམ་དུ་གྱོན་སོགས་ཀྱི་འགྲེལ་བཤད་ལ། དགུན་གྱི་བ་མོ་ལྷམ་གྱི་གཟུགས་སུ་བཀོད་དེ་དེ་ཉིད་མ་ཡལ་བའི་སྟེང་དུ་གྲང་བསྲན་ཆེ་བའི་སྒོ་ནས་བསྐྱོད་པའི་དོན། ནུབ་ཕྱི་ཉལ་དང་ནངས་སྔ་ལངས་ཞེས་པ་དཀའ་ལས་ཆེས་ཆེར་རྒྱབ་པའི་དོན། སྐར་མ་ཁྲ་ལམ་ལམ་ཤར་བའི་སྐབས་འགྲོ་དགོས་སྟབས་སྐར་ཆེན་ཞྭར་གྱོན། བྱིན་པ་རྟར་བཞོན་ཞེས་པ་རྐང་པའི་བྱིན་པ་རྟའི་གཟུགས་སུ་བཀོད་དེ་ངལ་མེད་དུ་བསྐྱོད་པའི་དོན། སྣལ་མ་ལྕག་གིས་བྲབས་ཞེས་པ་གོས་སྒབ་ཀྱིས་ལྕག་ཚན་ལྟ་བུར་བྲབས་པའམ་སྣུན་པའི་དོན་ཡིན། བྱིན་ཤ་ཁྱི་ལ་བྱིན། གདོང་ཤ་མི་ལ་བྱིན་ཞེས་པ་ངོ་ཚ་མེད་པར་གཞན་ལ་ཞུ་བ་འཐེན་པའི་དོན། མཉམ་སྐད་ཀྱིས་སྐྱེས་ཙ་ན། གཞུང་འགའ་ཞིག་ནང་མཉམ་ཉིད་ཀྱིས་སྐྱེས་ཙ་ན་ཞེས་མཆིས་པས་མཉམ་ཉིད་དང་དོན་གཅིག་པར་སེམས། རྫེའུ་ཚོས་སུམ་བརྒྱའི་ཁ་ཟས་ཞེས་པ་རྫ་མ་ཆུང་ངུའི་ནང་དཔོན་པོ་ལྟ་བུས་བཞེས་རྒྱུའི་ཁ་ཟས་རོ་བཅུད་ལྡན་པ་ཉུང་ངུར་གཡོས་པའི་དོན་ཏེ་དེ་ཉིད་ཀྱི་གྲངས་ ཚད་དེ་དང་མཉམ་པའི་དོན་དུ་གཟུང། དེ་ལྟའི་ཐ་སྙད་བསྟན་འགྱུར་དང་དབུ་མ་རིན་ཆེན་ཕྲེང་བའི་ནང་ཡང་ཡང་འབྱུང་། སྤྱིར་ཆོས་ཐེག་པ་ཆེན་པོ་ཡིན་པས་མི་ཕན་པར་གང་ཟག་ཐེག་པ་ཆེན་པོ་ཡིན་དགོས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་རང་གི་བླ་མ་དུ་མར་མཆིས་པ་ལས། ཇོ་བོ་གསེར་གླིང་པ་ལ་དམིགས་བསལ་ཕྱག་དང་བཀུར་སྟི་བླ་མེད་དུ་སྟོབ་པས། གཞན་གྱིས་དེ་ལྟར་མཛད་པའི་རྒྱུ་མཚན་གསོལ་བར་ཇོ་བོས་བདག་ཉིད་ཀྱི་ རྒྱུད་ལ་བྱང་ཆུབ་ཀྱི་སེམས་འཁྲུངས་པ་བླ་མ་དེའི་དྲིན་ཡིན་པར་གསུངས་ན་བསྟན་པའི་འགངས་མཁྱེན་པའི་གསུང་བླ་ན་མེད་པ་ཡིན། ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་དང་། སྔགས་ཀྱི་འཇུག་སྒོ་དབང་ཡིན་པར་གསུངས་ཀྱང་ཕར་ཕྱིན་སྐབས་གཉིས་ཀའི་འཇུག་སྒོ་སེམས་བསྐྱེད་ཡིན་པར་གསུངས། རྒྱལ་བ་ཡང་མགོན་པས། རང་རེ་རྣམས་ཆོས་སྐད་མཐོན་པོར་དགའ་ཞིང་། སྐྱབས་འགྲོ་དང་སེམས་བསྐྱེད་སྐོར་བཤད་ན་དེ་ཙམ་མི་དགའ། ཞེས་གསུངས་པ་ལྟར། ངོས་རང་ལ་ཡང་དེ་ལྟར་ཐུག་མྱོང་། རྒྱུན་དུ་སྐྱབས་འགྲོ་དང་སྔོན་འགྲོའི་སྐོར་མ་གཏོགས་དེ་ལས་མཐོ་ཙམ་མི་གསུང་བ་ཅི་ཡིན་ཞེས་བརྗོད་མི་བྱུང་། བྱང་སེམས་ཐ་མ་པ་ཡིན་ན་སྙིང་རྗེའི་དམིགས་ཡུལ་དུ་འགྱུར་དགོས་པར་གསུངས། མདོ་སྡེ་རྒྱན་ལས། སྙིང་རྗེའི་དམིགས་ཡུལ་བཅུར་གསུངས་ཤིང་། དེ་ཡང་རྣམ་པར་འཚེ་བ་དགྲ་ཡི་དབང་དུ་སོང་བ། དགེ་བའི་ཆོས་བྱེད་སྐབས་བདུད་ཀྱི་བར་ཆད་ཀྱི་དབང་དུ་སོང་བ། བཤན་པ་དང་ཉ་པ་ལ་སོགས་པ་་་་་་་་་་་་་་་་། སྙིང་རྗེའི་འཛིན་སྟངས་སམ་རྣམ་པ་སྡུག་བསྔལ་དང་དང་བྲལ་བར་འདོད་པའི་བསམ་པ། སྡུག་བསྔལ་དང་བྲལ་བར་འདོད་པ། སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པ། སྡུག་བསྔལ་དང་བྲལ་བར་བྱའོ་སྙམ་པའི་བློ་དང་གསུམ། དེ་ཡང་རང་གི་སྙིང་དུ་སྡུག་པ་ཞིག་ལ་སྙིང་རྗེ་སྒོམ་ཚེ་བསྒོམ་སླ་བ་ཡིན། སྙིང་རྗེ་སྒོམ་ཚུལ་རྒྱས་པར་བགྱིད་ཚེ་སེམས་ཅན་ཐམས་ཅད་སྡུག་བསྔལ་བརྒྱ་རྩས་ མནར་ཚུལ་སེམས་ཏེ་སྙིང་རྗེ་སྒོམ་དགོས། དེ་བཞིན་ཀ་མ་ལ་ཤཱིལའི་སྒོམ་རིམ་ནང་སྡུག་བསྔལ་བརྒྱད་དང་བཅུ་དྲུག་ལ་སོགས་པས་མནར་ཚུལ་བསམས་ཏེ་ སྒོམ་དགོས་པར་གསུངས། དེ་ཡང་རང་གི་སྟེང་དུ་འབྱུང་ཚུལ་བསམ་ན་ངེས་འབྱུང་སྐྱེ་བའི་རྒྱུར་འགྱུར་ཞིང་། གཞན་སེམས་ཅན་གྱི་སྟེང་དུ་ཡོང་ཚུལ་བསམ་ན་སྙིང་རྗེ་སྐྱེ་བ་ ཡིན་པས་དེ་གཉིས་ཞལ་ཕན་ཚུན་དུ་ཕྱོགས་པ་ཡིན་ཏེ་དངུལ་གྱི་དོང་རྩེ་ངོས་གཉིས་མ་ལྟ་བུ་ཡིན། བདེ་བ་དང་ལྡན་པར་བསམ་པ་ལ་བདེ་བས་ཕོངས་པའི་ཚུལ་སེམས་དགོས། སྡུག་བསྔལ་དང་བྲལ་བར་བསམ་པ་ལ་ཐོག་མར་སྡུག་བསྔལ་གྱིས་མནར་ཚུལ་སེམས་དགོས། ཀུན་སློང་གི་ཁྱད་པར་གྱིས་ཉན་ཐོས་ཀྱི་སྙིང་རྗེ་དང་། བྱང་སེམས་ཀྱི་སྙིང་རྗེ་གཉིས་ལ་ཁྱད་པར་དཔག་མེད་ཡོད། ཉན་ཐོས་མཐོང་ལམ་པ་དང་། ཉན་ཐོས་དགྲ་བཅོམ་པ་རྣམས་ཀྱི་སྙིང་རྗེ་མཐོང་བ་ལས། བྱང་ཆུབ་ སེམས་དཔའ་རྣམས་ཀྱིས་སྙིང་རྗེ་སྒོམ་པ་སྟོབས་ཆེ། དེ་བཞིན་སྙིང་རྗེའི་གདུང་བ་རྒྱ་ཆེ་ཆུང་གི་ཁྱད་པར་དུ་མ་ཡོད། ཉན་རང་དང་བྱང་ཆུབ་སེམས་དཔའ་རྣམས་ སེམས་ཅན་ལ་དམིགས་ཡུལ་རྒྱ་ཆེ་ཆུང་ཁྱད་པར་དཔག་མེད་ཡོད། འདུ་ཁང་འདིའི་ནང་འཛོམས་པའི་མི་ཐམས་ཅད་ལ་སྙིང་རྗེ་སྒོམ་རྒྱུ་དང་། སྡུག་བསྔལ་དང་ བྲལ་བར་ཤོག་སྙམ་པ་ལས་སླ་ཡང་། བྱེ་བྲག་རེ་རེ་ལ་སྙིང་རྗེ་སྒོམ་རྒྱུ་ཤིན་ཏུ་དཀའ་བ་ཡིན། ཉན་རང་གི་སྙིང་རྗེ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་འདོད་ཙམ་ཡིན། ཐེག་པ་ཆེན་པོའི་སྙིང་རྗེ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་འགན་འཁུར་བ་ཞིག་ཡིན་པས་ཁྱད་པར་ཆེ། དེ་ཡང་རྗེ་མི་ལས། སྙིང་རྗེ་གཏིང་ནས་སྐྱེས་ཙ་ན། མེ་འོབས་ནང་དུ་ཚུད་པ་འདྲ། ཞེས་གསུངས་པ་ལྟར། ཞེ་ཐག་པ་ནས་སྙིང་རྗེ་རྣལ་མ་ཞིག་སྐྱེ་ན་བཟོད་མི་ཐུབ་པ་ཞིག་འོང་བ་ཡིན། རང་རེའི་སྙིང་རྗེ་མགྲིན་པ་ཡན་ཆོད་ཙམ་ཡིན། བྱང་ཆུབ་སེམས་དཔའ་རྣམས་སྡུག་བསྔལ་གྱི་རྣམ་གྲངས་དུ་མ་ལ་དགོངས་པས་སེམས་ཅན་ལ་བརྩེ་བའི་གདུང་བ་རབ་ཏུ་ཆེ། ཉན་རང་རྣམས་པགས་པ་ལ་མེ་སྟག་ཕོག་པ་ལྟ་བུའི་ཚོར་བ་སྟེ་བརྩེ་གདུང་ཞན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ལ་བརྩེ་བའི་ཚོར་བ་ཤ་ལ་མེ་སྟག་ ཕོག་པ་ལྟ་བུའི་ཁྱད་པར་ཡོད། མས་བུ་གཅིག་ལ་བརྩེ་བ་ལྟ་བུ་སྟེ་སེམས་ཅན་ཐམས་ཅད་ལ་སྨན་པའི་སེམས་འཁུར་རྒྱ་ཆེན་པོ་ཞིག་ལེན་དགོས་པ་ཤིན་ཏུ་གལ་ཆེ། གཞན་ཡང་ཐེག་པ་ཆུང་ངུ་བ་རྣམས་ལ་ལན་ལ་སྨོན་པའི་རེ་བ་ཡོད། ཐེག་པ་ཆེན་པོ་རྣམས་རྣམ་སྨིན་ལ་རེ་བའི་འདུན་པ་ཅི་ཡང་མེད། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་རྩའི་བསྔོ་བ་དང་སྨོན་ལམ་མཐའ་དག་སེམས་ཅན་ལ་བསྔོ་ཞིང་ལན་དང་རྣམ་སྨིན་ལ་རེ་བ་ཏིལ་འབྲུ་ཙམ་ཡང་མེད། དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གཅིག་གི་དོན་དུ་བསྐལ་པ་དུ་མའི་རིང་བརྩོན་པ་བསྟེན་དགོས་ཀྱང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་དཔལ་དང་ལྡན། སྤྱིར་སྙིང་རྗེ་སེམས་ཅན་ནས་སངས་རྒྱས་བར་ཡོད་ཀྱང་ཁྱད་པར་དཔག་ཏུ་མེད། ཕྱི་རོལ་པ་ལ་སྙིང་རྗེ་ཡོད་ཀྱང་སྙིང་རྗེ་ཆེན་པོ་མེད། ཉན་རང་ལ་སྙིང་རྗེ་ཆེན་པོ་ཡོད་ཀྱང་ཐུགས་རྗེ་མེད། བྱང་ཆུབ་སེམས་དཔའ་ལ་ཐུགས་རྗེ་ཡོད་ཀྱང་ཐུགས་རྗེ་ཆེན་པོ་མེད། སངས་རྒྱས་ལ་ཐམས་ཅད་ཡོད། ཐུགས་རྗེ་དེ་ལ་རྣམ་གྲངས་གཉིས་སུ་མཆིས་ཏེ། རྒྱུ་དུས་ཀྱི་ཐུགས་རྗེ་ཆེན་པོ་དང་། འབྲས་དུས་ཀྱི་ཐུགས་རྗེ་ཆེན་པོ་གཉིས་སུ་ཡོད། མདོར་ན་རང་ཅག་རྣམས་ཀྱིས་འབད་པ་ཆེན་པོས་ཉམས་སུ་ལེན་དགོས་པ་ལས་ཁ་ཙམ་ཚིག་ཙམ་གྱིས་མི་ཕན།

Photoshop Brushes Joomla 1.7 Themes designed by Baseball Jacke