slider-photo-1.jpg
Shadow
10th Arya Kshema Awards and Closing Ceremony

10th Arya Kshema Awards and Closing Ceremony

Tergar Shrine Hall
20 December 2025

༄༅། །གནས་མཆོག་རྡོ་རྗེ་གདན། ཕྱི་དྲོ་ཕྱག་ཚོད་བདུན་པའི་ཐོག་ཏུ། སྒྲུབ་བརྒྱུད་བསྟན་པའི་གཙུག་ནོར་༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་༧མཚུར་ཕུའི་དྲུང་པ་གཽ་ཤྲཱི་ཆེན་པོ་མཆོག་གཟིམ་ཆུང་ཡང་རྩེ་ནས་སྤྱན་རྒྱ་སྤོས་སྣེ་སོགས་ཀྱིས་སྔུན་བསུས་ཏེ་གཏེར་སྒར་འདུ་ཁང་དུ་འཕགས་མ་བདེ་བྱེད་མའི་དཔྱིད་ཆོས་ཐེངས་བཅུ་པའི་ཚོགས་མགོན་དུ་གདན་ཞུས་ཀྱིས་བཞུགས་ཁྲིར་ཞབས་ཀྱི་པདྨོ་མངོན་པར་འཁོད་རྟིང་། གསུང་བཟང་ནས་ཞལ་འདོན་དབུ་བསྐུལ་དང་འབྲེལ་དུས་གསུམ་རྒྱལ་བའི་ཕྲིན་ལས་པ་ཆེན་པོ་དཔལ་༧རྒྱལ་བའི་དབང་པོ་༸ཀརྨ་པ་སྐུ་ཡི་ཕྲེང་བ་བཅུ་བདུན་པ་ཆེན་པོའི་ཞལ་སྔ་ནས་ཀྱིས་འཕགས་མ་བདེ་བྱེད་མའི་དཔྱིད་ཆོས་ཐེངས་བཅུ་པའི་མཚན་ཕུད་དམ་བཅའི་ཉིན་འདུས་དམངས་ཡོངས་ལ་ཐད་གཏོང་བརྙན་ཤེལ་བརྒྱུད་དེ་བཀའ་སྩལ་པ་དང་། དེ་རྗེས་ད་ལན་རྒྱ་བལ་འབྲུག་གསུམ་གྱི་ཀཾ་ཚང་གི་བཙུན་མའི་བཤད་གྲྭ་ཁག་དྲུག་ལྷན་ཅིག་ཏུ་འདུས་ཏེ། འཕགས་མ་བདེ་བྱེད་མའི་དཔྱིད་ཆོས་ཐེངས་བཅུ་པ་དུས་ཡུན་ཟླ་བ་གཅིག་གི་རིང་ལ་བཙུན་མ་རྣམས་ནས་བསྡུས་རྟགས་བློ་ཕར་བཞི་ལ་ལུང་རིགས་བརྒལ་བརྟག་དང་། རྩོད་དཔང་མཁན་པོ་རྣམ་པས་གཟུ་བོས་ལེགས་པར་དཔྱད་དེ། རྟིང་འགྲན་བསྡུས་རྟགས་བློ་གསུམ་གྱི་རྟགས་གསལ་རྩེ་ཕུད་དང་དམ་བཅའ་རྩེ་ཕུད་དང་བརྩོན་འགྲུས་རྩེ་ཕུད་སོ་སོར་༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་༧མཚུར་ཕུའི་དྲུང་པ་གཽ་ཤྲཱི་རིན་པོ་ཆེའི་ཞལ་སྔ་ནས་ཀྱི་ཕྱག་ནས་གཟེངས་བསྟོད་རྟགས་མ་དང་ལེགས་སྐྱེས་དང་རྩོད་དཔང་མཁན་པོ་སོ་སོར་ཐུགས་རྗེ་ལེགས་འབུལ་བསྟར། 
དེ་རྗེས་དཔྱིད་ཆོས་དང་འབྲེལ་ཡོད་ཁག་དང་དཔྱིད་ཆོས་གོ་སྒྲིག་པ་སྐྱེ་དགུའི་བདག་མོ་ཆོས་གླིང་གི་མཁན་པོ་དང་བཙུན་མ་རྣམ་པ་དང་ལྡེ་འཆང་དང་། མཆོད་བཞེངས་པ་དང་། སྒྲ་སྐྱེལ་ཚན་པ་སོ་སོར་མཚུར་ཕུ་བླ་བྲང་ནས་ཐུགས་རྗེ་ཆེ་ཞུའི་གསོལ་རས་དང་། སྐྱེ་དགུའི་བདག་མོ་ཆོས་གླིང་གི་དབུ་འཛིན་ནས་འཕགས་མ་བདེ་བྱེད་མའི་བཙུན་མའི་དཔྱིད་ཆོས་ཐེངས་བཅུ་པའི་མཇུག་བསྡུའི་ཐུགས་རྗེ་ཆེ་ཞུའི་གསུང་བཤད་སྒྲོགས་སྦྱང་དང་། མཚུར་ཕུ་བླ་བྲང་གི་ཀུན་སྐྱོང་དགེ་རྩ་ཚོགས་པ་ནས་དཔྱིད་ཆོས་ཐེངས་བཅུ་པའི་བྱུང་སོང་གི་རྩིས་ཁྲ་འགད་གཙང་སྙན་སྒྲོན་དང་བཅས་འཕགས་མ་བདེ་བྱེད་མའི་དཔྱིད་ཆོས་ཐེངས་བཅུ་པ་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་ལེགས་པར་གྲུབ་པའི་གནས་ཚུལ་ཕྱོགས་བསྡུས་སོ། ། ༢༠༢༥/༡༢/༢༠


The 10th Arya Kshema Dharma Gathering concluded successfully on 20th December, 2025.
Kyabgön Goshir Gyaltsab Rinpoche presided over the closing ceremony and handed out the awards and tokens of appreciation.
Following the opening prayers, His Holiness the 17th Gyalwang Karmapa gave a short address via live webcast to all assembled participants, primarily thanking them for their efforts and dedication.
During the month-long Arya Kshema Dharma Gathering, the nuns have engaged in logical debate and examination on four topics of the monastic curriculum. The first three were the foundational topics of: Duspa: Collected Topics; Tagrig: Types of Evidence; and Lorig: Mind and Awareness. However, for the first time, this year, the intermediate level topic of Pharchin (Skt. Prajñāpāramitā;En.Perfection of Wisdom) was introduced. The nuns’ study and debates in this topic were based on the first chapter of The Ornament of Clear Realisation. 
The evening featured a demonstration debate, known as the Great Debate, with participating nuns wearing full ceremonial robes. The Great Debate is the traditional way of celebrating the conclusion of the debate session and was an all-night debate, but this has been modified nowadays.
Gyaltsab Rinpoche presented gifts to the judges and certificates to all the nuns who had participated in these debates. He further presented the medals awarded to those in the winning teams, gold for first and silver for second place in each topic. There were also prizes for individual nuns who had excelled as the presenter or responder in each category. In addition, one prize was awarded for diligence. 
Gyaltsab Rinpoche also presented tokens of appreciation to the nuns and monks who had organised or supported the activities of the Arya Kshema.
Tsurphu Labrang presented katas to those who had organised this year’s Arya Kshema, the shrine attendants, and the technical support team. The head of Thekchen Chöling gave a closing speech of gratitude for the 10th Arya Kshema Spring Dharma Gathering and Kunkyong Trust of Tsurphu Labrang gave a detailed financial report.

2025.12.20 - 10th Arya Kshema Awards and Closing Ceremony