slider-photo-1.jpg
Shadow
The Gyalwang Karmapa Presides over the Second Day of the Tara Ritual

The Gyalwang Karmapa Presides over the Second Day of the Tara Ritual

Tergar Shrine Hall, 
29 November 2025


༄༅། །དཔལ་༧རྒྱལ་བའི་དབང་པོ་སངས་རྒྱས་༸ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོ་མཆོག་གིས་ཐུགས་བརྩེའི་གཟིགས་པ་ཆེན་པོས་དྲ་ཐོག་ཐད་གཏོང་
བརྒྱུད་དེ། འཕགས་མ་བདེ་བྱེད་མའི་དཔྱིད་ཆོས་ཐེངས་བཅུ་པ། ཀར་ལུགས་སྒྲོལ་མ་མཎྜལ་གྱི་ཆོ་ག་ཉིན་གཉིས་པའི་སྔ་དྲོའི་ཚོགས་ཐུན་དང་པོ་དང་། གུང་རྒྱབ་ཀྱི་ཚོགས་ཐུན་བཞི་པའི་ཚོགས་མགོན་དུ་དབུ་བཞུགས་མཛད་པའི་མཐོང་གྲོལ་གྱི་སྐུ་བརྙན་དང་། 
འཕགས་མ་བདེ་བྱེད་མའི་བཙུན་མའི་དཔྱིད་ཆོས་ཐེངས་བཅུ་པའི་ཉིན་དགུ་པའི་ཉིན་ལ་འདུས་དམངས་ཡོངས་ཀྱིས། བདག་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དཔལ་༧རྒྱལ་བའི་དབང་པོ་༸ཀརྨ་པ་མཆོག་གིས་མཛད་པ་“ཀར་ལུགས་སྒྲོལ་མའི་མཎྜལ་གྱི་ཆོ་ག་
སྲིད་ཞིའི་དཔལ་ཡོན་འགུག་པའི་ལྕགས་ཀྱུ་ཞེས་”པའི་ཆོ་གའི་སྒོ་ནས། འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་དང་། དཔལ་༧རྒྱལ་བའི་དབང་པོ་༸ཀརྨ་པ་རྒྱལ་མཆོག་ཡབ་སྲས་རྣམ་གཉིས་ཀྱིས་དབུས་རིས་མེད་ཀྱི་བསྟན་འཛིན་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་ཞབས་ཟུང་རྡོ་རྗེའི་ཁམས་སུ་བརྟན་པ་དང་བསྟན་འགྲོའི་ཐུགས་བསྐྱེད་རླབས་ཆེན་བཞེད་དོན་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་པ་དང་། རིས་མེད་ཀྱི་འདུས་སྡེ་གང་ན་ཅི་མཆིས་པ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། རྒྱ་གར་འཕགས་པའི་ཡུལ་འདིས་མཚོན་པའི་ཡངས་པའི་རྒྱལ་ཁམས་ཐ་གྲུ་ཀུན་ཏུ་ནད་ཡམས་དམག་འཁྲུག་མུ་གེ་སད་སེར་སྙིགས་མའི་རྒུད་ཚོགས་མ་ལུས་པ་རང་སར་ཞི་ཞིང་ཆོས་འབྱོར་བདེ་དགེའི་དཔལ་ལ་ལོངས་སུ་སྤྱོད་པ་སོགས་སྒོ་དུ་མར་དམིགས་ཏེ་གནད་སྨིན་གསུང་འདོན་ཉིན་གཉིས་པའི་བརྙན།


Today, the second day of the Tara ritual and the ninth day of the 10th Arya Kshema, the 17th Gyalwang Karmapa presided by internet link and joined with the entire assembly to offer “The Karma Kagyu  Tradition Tara Mandala Ritual: The Iron Hook That Draws the Glory and Wealth of Samsara and Nirvana"(ཀར་ལུགས་སྒྲོལ་མའི་མཎྜལ་གྱི་ཆོ་ག་སྲིད་ཞིའི་དཔལ་ཡོན་འགུག་པའི་ལྕགས་ཀྱུ་ཞེས).

The ritual was performed with the following aspirations:

May His Holiness the 14th Dalai Lama, the leader of world peace, and His Holiness the Gyalwang Karmapa—this father and son pair—together with all the great non-sectarian holders of the teachings residing throughout central Tibet, remain with vajra stability in body, and may all their vast enlightened intentions for the teachings and beings be accomplished without obstacle, according to their wishes.

May all non-sectarian communities, wherever they may be, be harmonious and pure in discipline, and may the teachings of explanation and practice flourish and spread.

May all the degenerations of this dark age—disease, famine, warfare, conflict, and poverty—that afflict the noble land of India and all countries far and wide, be pacified in their very place, and may all enjoy the glory of Dharma, prosperity, happiness, and virtue.

2025.11.29 - The Gyalwang Karmapa Presides over the Second Day of the Tara Ritual