Tergar Shrine Hall,
AM 4 December 2025
༄༅། །འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན། ཡོངས་དགེ་གཏེར་སྒར་དགོན་དུ་འཕགས་མ་བདེ་བྱེད་མའི་བཙུན་མའི་དཔྱིད་ཆོས་ཐེངས་བཅུ་པའི་ཉིན་བཅུ་བཞི་པར། རྒྱ་བལ་འབྲུག་གསུམ་གྱི་བཤད་གྲྭའི་འདུས་དམངས་ཡོངས་ཀྱིས། དེ་རིང་སྔ་དྲོ་པཀྵི་བླ་སྒྲུབ་ཀྱི་ཆོ་གའི་སྒོ་ནས། འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་དང་། དཔལ་༧རྒྱལ་བའི་དབང་པོ་༸ཀརྨ་པ་རྒྱལ་མཆོག་ཡབ་སྲས་རྣམ་གཉིས་ཀྱིས་དབུས་རིས་མེད་ཀྱི་བསྟན་འཛིན་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་ཞབས་
ཟུང་རྡོ་རྗེའི་ཁམས་སུ་བརྟན་པ་དང་བསྟན་འགྲོའི་ཐུགས་བསྐྱེད་རླབས་ཆེན་བཞེད་དོན་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་པ་དང་། དེ་བཞིན་ཞི་བར་གཤེགས་པ་༸སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་དང་༸མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེའི་མྱུར་འབྱོན་གསོལ་འདེབས་དང་། རིས་མེད་ཀྱི་འདུས་སྡེ་གང་ན་ཅི་མཆིས་པ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། རྒྱ་གར་འཕགས་པའི་ཡུལ་འདིས་མཚོན་པའི་ཡངས་པའི་རྒྱལ་ཁམས་ཐ་གྲུ་ཀུན་ཏུ་ནད་ཡམས་དམག་འཁྲུག་མུ་གེ་སད་སེར་སྙིགས་མའི་རྒུད་ཚོགས་མ་ལུས་པ་རང་སར་ཞི་ཞིང་ཆོས་འབྱོར
བདེ་དགེའི་དཔལ་ལ་ལོངས་སུ་སྤྱོད་པ་དང་།
གཞན་ཡང་ཉེ་ཆར་ཧོང་ཀོང་ནང་དུ་མེ་སྐྱོན་དང་། དེ་བཞིན་ཨིན་ཌོ་ནེ་ཤི་ཡ་དང་། ཤྲཱི་ལངྐ་དང་། ཝི་ཏི་ནམ། ཐའི་ལན་ཌི། མ་ལེ་ཤི་ཡ། ཕི་ལི་པིན་སོགས་ཀྱི་ས་ཁུལ་དུ་ཆར་རླུང་གི་འཇིག་པའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་པ་དང་རྨས་སྐྱོན་ཕོག་པ་རྣམས་ཀྱི་ཆེད་དུ་དམིགས་ཏེ་གནད་སྨིན་
འབད་སྒྲུབ་ཞུས་པའི་བརྙན།
At the noble site of Vajrasana (Bodhgaya) in the Noble Land (India) at Tergar Monastery, on the fourteenth day of the Tenth Spring Teaching session of the Arya Kshema, the entire assembly of monastics from the three nations—India, Nepal, and Bhutan—made the following dedications and prayers through the ritual practice of the Karma Pakshi Guru Sādhana this morning:
May the champion of world peace, His Holiness the Dalai Lama, the Omniscient One, and His Holiness the Gyalwang Karmapa—father and son figures— and all the great unbiased holders of the doctrine wherever they reside, have their vajra bodies remain stable. May all their vast aspirations for the benefit of the teachings and beings be accomplished without obstacles, according to their wishes.
Likewise, we pray for the swift return of Kyabjé Yongdzin Khenchen Thrangu Rinpoche and Khenchen Tsültrim Gyatso Rinpoche.
May all non-sectarian communities, wherever they may be, remain harmonious, morally pure, and may the teachings of study and practice flourish and spread.
May this Noble Land of India and all vast kingdoms everywhere be free from all decline and degeneration—including epidemics, warfare, famine, poverty, and impurities—and may all enjoy the glory of dharmic prosperity and virtuous happiness.
Furthermore, this dedication is specifically offered on behalf of those who have recently died or been injured due to fires in Hong Kong, as well as those affected by floods and storms in Indonesia, Sri Lanka, Vietnam, Thailand, Malaysia, the Philippines, and other regions.

















