On February 21, 2020, Drupon Dechen Rinpoche celebrated his 21st birthday, during the Arya Kshema Winter Dharma Gathering.
His Holiness the 17th Gyalwang Karmapa, Orgyen Trinley Dorje, composed a long-life prayer for the occasion. In addition, there was a celebratory birthday party for Rinpoche in the evening.
སྒྲུབ་དཔོན་བདེ་ཆེན་ཚེ་དབང་གཟི་བརྗིད་རྒྱལ་པོའི་ཞབས་བརྟན་བཞུགས།
A Long Life Prayer for Drupon Dechen Tsewang Siji Gyalpo
ཟབ་ཡངས་ཐུགས་ལ་ཟག་མེད་བདེ་ཆེན་རྒྱས། །
ཆེན་པོའི་སྐུ་ལ་འཆི་མེད་ཚེ་དབང་ཐོབ། །
ཚངས་དབྱངས་གསུང་ལ་ཚད་མེད་གཟི་བརྗིད་འབར། །
བདེ་ལེགས་ཀུན་སྩོལ་བདེ་གཤེགས་རྒྱལ་པོར་འདུད། །
Undefiled great bliss burgeons in your broad, deep mind.
You have been empowered with deathless life in your great body.
The unlimited majesty of Brahma’s melodies blazes in your speech.
I bow to the king of sugatas, who grants all joy and goodness.
རྒྱལ་མཆོག་དམ་པའི་བཀའ་གསུང་སྤྱི་བོས་མཆོད། །
རྒྱལ་བའི་གདན་ས་ཉམས་པ་སོར་ཆུད་སོགས། །
རྒྱ་ཆེན་བསྟན་འགྲོའི་མཛད་བཟང་མཁའ་དང་མཉམ། །
རྒྱལ་བའི་གདུང་འཚོབ་དམ་པར་ཞབས་བརྟན་གསོལ། །
Bowing your head to the commands of the great Gyalwa,
You restored his destroyed monastery and so forth.
Your deeds for the teachings and beings are equal to space.
May you live long as the great regent of the Gyalwa.
ཐུགས་ལ་མི་བསྐྱོད་རྡོ་རྗེའི་བཀྲ་ཤིས་ཤོག །
གསུང་ལ་ཆོས་གྲགས་རྒྱ་མཚོའི་བཀྲ་ཤིས་ཤོག །
སྐུ་ལ་མཐོང་བ་དོན་ལྡན་བཀྲ་ཤིས་ཤོག །
ཀུན་ལ་བཀའ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །
May your mind have the resplendence of Mikyö Dorje’s unshakeable vajra.
May your speech have the resplendence of Chödrak Gyatso’s ocean of dharma.
May your body have the resplendence of Tongwa Dönden’s liberation on sight.
May you have in everything the resplendence of the Kagyu gurus.
སྐྱབས་རྗེ་སྒྲུབ་དཔོན་བདེ་ཆེན་གྱི་ཡང་སྲིད་རིན་པོ་ཆེ་དགུང་གྲངས་ཉེར་གཅིག་ལ་ཕེབས་པའི་འཁྲུངས་སྐར་དང་སྟབས་བསྟུན། རྗེ་གོང་མའི་སྐུ་དྲིན་རྗེས་སུ་དྲན་ཅིང་། ད་ལྟའི་ཡང་སྲིད་རིན་པོ་ཆེའི་ཐུགས་བཞེད་མཛད་ཕྲིན་མཐའ་དག་ལྷུན་གྱིས་འགྲུབ་ཅིང་རྒྱུན་མི་འཆད་པའི་སྨོན་འདུན་བཅས། ཀརྨ་པར་གྲག་པ། ཨོ་རྒྱན་ཕྲིན་ལས་པས་ཟླ་ ༢ ཚེས་ ༢༡ བཟང་པོར་སྦྱར་བ་དགེའོ། །
On February 21, 2020, the occasion of the twenty-first birthday of the reincarnation of Kyabje Drupon Dechen, Karmapa Ogyen Trinley Dorje remembered the kindness of his predecessor and wrote this prayer with the all the wishes and activity of the current reincarnation may be uninterrupted and spontaneously accomplished.