slider-photo-1.jpg
slider-photo-2.jpg
slider-photo-3.jpg
slider-photo-4.jpg
slider-photo-5.jpg
slider-photo-6.jpg
slider-photo-7.jpg
slider-photo-8.jpg
slider-photo-9.jpg
slider-photo-10.jpg
slider-photo-11.jpg
slider-photo-12.jpg
slider-photo-13.jpg
slider-photo-14.jpg
slider-photo-15.jpg
Shadow
Debate Competition Awards Ceremony

Debate Competition Awards Ceremony

Tergar Shrine Hall
Bodhgaya

29 February 2024

༄༅། །བོད་རབ་རྒྱན་ཤིང་འབྲུག་ལོའི་བོད་ཟླ་ ༡ ཚེས་ ༢༠ དང་། སྤྱི་ལོ་༢༠༢༤ཟླ་ ༢ ཚེས་ ༢༩ ཉིན། གནས་མཆོག་རྡོ་རྗེ་གདན། གཏེར་སྒར་རིག་འཛིན་མཁའ་སྤྱོད་དར་རྒྱས་གླིང་གཙུག་ལག་ཁང་དུ། ད་ལན་རྒྱ་བལ་འབྲུག་གསུམ་གྱི་ཀཾ་ཚང་གི་བཙུན་མའི་བཤད་གྲྭ་ཁག་ལྷན་ཅིག་ཏུ་འདུས་ཏེ། འཕགས་མ་བདེ་བྱེད་མའི་དཔྱིད་ཆོས་ཐེངས་བརྒྱད་པ་དུས་ཡུན་ཟླ་བ་གཅིག་གི་རིང་ལ་བཙུན་མ་རྣམས་ནས་བསྡུས་རྟགས་བློ་གསུམ་ལ་ལུང་རིགས་བརྒལ་བརྟག་དང་། རྩོད་དཔང་མཁན་པོ་རྣམ་པས་ལེགས་པར་དཔྱད་དེ། རྟིང་འགྲན་བསྡུས་རྟགས་བློ་གསུམ་གྱི་རྟགས་གསལ་རྩེ་ཕུད་དང་དམ་བཅའ་རྩེ་ཕུད་དང་བརྩོན་འགྲུས་རྩེ་ཕུད་དང་གསུམ་་གྱི་བཙུན་མ་སོ་སོར་སྐྱབས་རྗེ་སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེ་མཆོག་གི་ཕྱག་ནས་གཟེངས་བསྟོད་རྟགས་མ་དང་ལེགས་སྐྱེས་བསྟར། དེ་རྟིང་རྩོད་དཔང་མཁན་པོ་སོ་སོར་ཐུགས་རྗེ་ལེགས་འབུལ་གྱི་གསོལ་རས་སྩལ། 
དེ་རྗེས་དཔྱིད་ཆོས་དང་འབྲེལ་བའི་བཀའ་བརྒྱུད་སྨོན་ལམ་གྱི་སྤྱི་ཁྱབ་འགན་འཛིན་བླ་ཀརྨ་ཆོས་གྲགས་མཆོག་དང་གཏེར་སྒར་དགོན་པའི་དངུལ་གཉེར་བླ་མ་ཚེ་རིང་མཆོག་དང་། དཔྱིད་ཆོས་གོ་སྒྲིག་པ་སྐྱེ་རྒུའི་བདག་མོ་ཆོས་གླིང་གི་མཁན་པོ་དང་བཙུན་མ་རྣམ་པ་དང་གཉེར་པ་དང་། མཆོད་བཞེངས་པ་དང་། སྒྲ་སྐྱེལ་ཚན་པ་སོ་སོར་མཚུར་ཕུ་བླ་བྲང་གི་ནང་དོན་འགན་འཛིན་རྒྱལ་མཚན་བསོད་ནམས་མཆོག་གི་ཕྱག་ནས་ཐུགས་རྗེ་ཆེ་ཞུའི་གསོལ་རས་བསྟར་འབུལ་དང་། མཇུག་ཏུ་སྐྱེ་རྒུའི་བདག་མོ་ཆོས་གླིང་གི་བཙུན་མ་རྒན་ཀརྨ་ལགས་ནས་འཕགས་མ་བདེ་བྱེད་མའི་བཙུན་མའི་དཔྱིད་ཆོས་ཐེངས་བརྒྱད་པའི་མཇུག་བསྡུའི་ཐུགས་རྗེ་ཆེ་ཞུའི་གསུང་བཤད་སྒྲོགས་སྦྱང་དང་བཅས་དཔྱིད་ཆོས་ཐེངས་བརྒྱད་པ་རྡོར་གདན་དུ་ལེགས་པར་གྲུབ་བོ། །

Following on from the ‘All-Night Debate’, Drupon Dechen Rinpoche presented certificates and medals to the winners from the debate competition. All the nuns who participated in the competition received a certificate, signed by the Gyalwang Karmapa.
Drupon Dechen Rinpoche also presented signed certificates of thanks to all those who had helped in the organisation of the Arya Kshema programme—the adjudicators, khenpos and teachers, the monk in charge of Tergar Shrine Hall, Kagyu Monlam CEO Lama Choedrak, the organisers from Khyegu Dagmo Choeling nunnery, the sound team, staff from Tsurphu Labrang, and so forth.

Thanks to everyone’s efforts, the 8th Arya Kshema had been a great success.

2024.02.29 Debate Competition Awards Ceremony