Tergar Shrine Hall
11 December 2025 PM
༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༡༡ ཉིན། གུང་རྒྱབ་ཕྱག་ཚོད་དང་པོའི་ཐོག་ཏུ། ༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་༧དྲུང་གཽ་ཤྲཱི་རིན་པོ་ཆེ་མཆོག་གཟིམ་ཆུང་ཡང་རྩེ་ནས་སྤྱན་རྒྱ་སྤོས་སྣེ་སོགས་ཀྱིས་སྔུན་བསུས་ཏེ་གཏེར་སྒར་འདུ་ཁང་དུ་འཕགས་མ་བདེ་བྱེད་མའི་དཔྱིད་ཆོས་ཐེངས་བཅུ་པའི་ཚོགས་མགོན་དུ་གདན་ཞུས་ཀྱིས་བཞུགས་ཁྲིར་ཞབས་ཀྱི་པདྨོ་མངོན་པར་འཁོད་རྟིང་། གསུང་བཟང་ནས་ཞལ་འདོན་དབུ་བསྐུལ་དང་འབྲེལ་༧རིན་པོ་ཆེ་མཆོག་ལ་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། དེ་རྗེས་ ༧རིན་པོ་ཆེའི་ཞལ་སྔ་ནས་ཀྱིས་འཕགས་མ་བདེ་བྱེད་མའི་གོ་སྒྲིག་པ་དང་མཁན་བླ་འདུས་དམངས་ཡོངས་དང་། བཀའ་བརྒྱུད་སྨོན་ལམ་གྱི་སྤྱི་ཁྱབ་འགན་འཛིན་བླ་མ་ཀརྨ་ཆོས་གྲགས་དབུས་པའི་ཡོངས་དགེ་གཏེར་སྒར་དགོན་གྱི་ལས་སྣེ་སོགས་ལ་བླང་དོར་གྱི་བཀའ་སློབ་དང་། བཤད་གྲྭའི་བཙུན་མ་རྣམས་ནས་རྟགས་གསལ་སྤྱན་འབུལ་ལ་དགྱེས་མཉེས་མཛད། ཀུན་ལ་མཇལ་ཁའི་རེ་བ་སྨིན་པར་མཛད། དེ་རྗེས་ཡོངས་དགེ་གཏེར་སྒར་དགོན་གྱི་ལས་སྣེ་རྣམས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་མགོན་ཁང་དུ་བྱོན་ཏེ་རྟེན་གསུམ་དང་མཆོད་གཏོར་སོགས་ལ་ཕྱག་ནས་འཐོར་བ་མཛད་དོ། །
On December 11, 2025, in the early afternoon, Kyabgön Goshir Gyaltsab Rinpoche was respectfully welcomed to Tergar Shrine Hall with incense and ceremonial scarves, and was invited to preside as the patron of the 10th Arya Kshema Spring Dharma Teachings. He graciously took his seat on the throne. Following melodious chanting and prayers, a mandala offering and representations of body, speech, and mind were offered to Rinpoche.
Rinpoche then gave a short teaching to the assembly of those attending the 10th Arya Kshema, the khenpos, lamas and nuns. Also there were Lama Karma Chödrak, the Executive Director of the Kagyu Mönlam, along with the staff of Yongey Mingyur Rinpoche's Tergar Monastery and staff of Tsurphu Labrang.
The nuns showed their debating skills, and Rinpoche expressed how pleased he was with the presentations from the shedra nuns, and granted an audience to everyone present, blessing each individually.
Afterwards, at the request of the staff of Yongey Tergar Monastery, he proceeded to the protector shrine where he made offerings to the Three Jewels and the protectors.

















