Tergar Shrine Hall
13 December 2025
༄༅། །འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན། ཡོངས་དགེ་གཏེར་སྒར་དགོན་དུ་འཕགས་མ་བདེ་བྱེད་མའི་བཙུན་མའི་དཔྱིད་ཆོས་ཐེངས་བཅུ་པའི་ཉིན་ཉེར་བཞི་པར། རྒྱ་བལ་འབྲུག་གསུམ་གྱི་བཤད་གྲྭའི་འདུས་དམངས་ཡོངས་ཀྱིས་སྔ་དྲོ་གཅོད་ཚོགས་ཡོན་ཏན་ཀུན་འབྱུང་ཐུན་གསུམ་གསུང་འདོན་དང་།
གུང་རྒྱབ་ཚོགས་ཐུན་དང་པོའི་ཐོག་ཏུ། དུས་གསུམ་རྒྱལ་བའི་ཕྲིན་ལས་པ་ཆེན་པོ་དཔལ་༧རྒྱལ་བའི་དབང་པོ་༸ཀརྨ་པ་སྐུ་ཡི་ཕྲེང་བ་བཅུ་བདུན་པ་ཆེན་པོ་མཆོག་དྲ་ཐོག་ཐད་གཏོང་(zoom)དབུ་བཞུགས་མཛད་དེ་
འཕགས་མ་བདེ་བྱེད་མའི་འདུས་དམངས་ཡོངས་ནས་གཅོད་ཚོགས་ཡོན་ཏན་ཀུན་འབྱུང་གསུང་འདོན་ཞུས་པ་དང་། ཕྱི་དྲོ་ཐུན་གཉིས་པ་དང་གསུམ་པའི་ཐོག་ཏུ་འདུས་དམངས་ཡོངས་ཀྱིས་འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཆེན་པོ་
མཆོག་དང་། དཔལ་༧རྒྱལ་བའི་དབང་པོ་༸ཀརྨ་པ་རྒྱལ་མཆོག་ཡབ་སྲས་རྣམ་གཉིས་ཀྱིས་དབུས་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་ཞབས་ཟུང་རྡོ་རྗེའི་ཁམས་སུ་བརྟན་པ་དང་། དེ་བཞིན་བདེ་བར་གཤེགས་པ་༸སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་དང་༸མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེའི་མྱུར་འབྱོན་གསོལ་འདེབས་དང་། ཡངས་པའི་རྒྱལ་ཁམས་ཐ་གྲུ་ཀུན་ཏུ་ནད་ཡམས་དམག་འཁྲུག་མུ་གེ་སད་སེར་སྙིགས་མའི་རྒུད་ཚོགས་མ་ལུས་པ་རང་སར་ཞི་ཞིང་ཆོས་འབྱོར་བདེ་དགེའི་
དཔལ་ལ་ལོངས་སུ་སྤྱོད་པ་སོགས་སྒོ་དུ་མར་ཆེད་དུ་དམིགས་ཏེ་གཅོད་ཚོགས་ཡོན་ཏན་ཀུན་འབྱུང་གི་ཆོ་གའི་སྒོ་ནས་ཉིན་འཁྱོངས་གནད་སྨིན་འབད་སྒྲུབ་ཞུས་པ་དགེའོ། །
On the twenty-fourth day of the 10th Arya Kshema Spring Dharma Gathering at Yongey Tergar Monastery in Bodhgaya, the noble land and supreme sacred place of Lord Buddha, all the monastic assembly members from the shedras recited three sessions of the Chöd practice "Yönten Künjung" (Source of All Qualities) in the morning.
During the first afternoon session, His Holiness the 17th Gyalwang Karmapa, presided over the Chöd practice by Zoom. The entire assembly of devotees recited the Chöd practice "Yönten Künjung" in his presence.
During the second and third afternoon sessions, the entire assembly performed intensive practice and prayers through the ritual of "Yönten Künjung" with various specific dedications, including: prayers for His Holiness the Great 14th Dalai Lama, the champion of world peace, and His Holiness the 17th Gyalwang Karmapa—prayers that these two father-and-son-like figures and all the great noble holders of the teachings dwelling anywhere in the central regions may have their vajra bodies remain stable; likewise, prayers for the swift return of Kyabje Yongzin Khenchen Thrangu Rinpoche and Khenchen Tsültrim Gyatso Rinpoche; and prayers that throughout all the vast lands and kingdoms, all the degenerations of the dark age—epidemics, wars, famine, poverty, and conflicts—may be pacified in their own place, and that all may enjoy the glory of Dharma, prosperity, happiness, and virtue. May this be virtuous!

















