slider-photo-1.jpg
slider-photo-2.jpg
slider-photo-3.jpg
slider-photo-4.jpg
slider-photo-5.jpg
slider-photo-6.jpg
slider-photo-7.jpg
slider-photo-8.jpg
slider-photo-9.jpg
slider-photo-10.jpg
slider-photo-11.jpg
slider-photo-12.jpg
slider-photo-13.jpg
slider-photo-14.jpg
slider-photo-15.jpg
Shadow

བདེ་བྱེད་མའི་དཔྱིད་ཆོས་ཆེན་མོ། • 15.02 – 14.03 2021

ཆོས་གྲོགས་ཡོངས་ཀྱི་སྤྱན་ལམ་དུ། འདི་ལོར་ཏོག་དབྱིབས་རིམས་ནད་ཀྱི་དབང་གིས་བཀའ་བརྒྱུད་སྨོན་ལམ་ སོགས་མཛད་རིམ་མང་པོ་ཕྱིར་འཐེན་གནང་བ་ལྟར། གནས་མཆོག་རྡོ་རྗེ་གདན་དུ་འཚོག་རྒྱུའི་འཕགས་མ་ བདེ་བྱེད་མའི་དགུན་ཆོས་ཀྱང་རེ་ཞིག་ཕྱིར་འཐེན་ཞུ་དགོས་བྱུང་མོད། 

བདེ་བྱེད་མའི་དགུན་ཆོས་ཚོགས་པ་ནས་གསོལ་འདེབས་ཞུས་དོན་ལྟར་༧རྒྱལ་དབང་བཅུ་བདུན་པ་ཆེན་པོ་ མཆོག་ནས་༧རྗེ་བཙུན་མི་བསྐྱོད་རྡོ་རྗེའི་རྣམ་ཐར་བསྟོད་པ་ལེགས་སྤྱད་མ་དང་། ཟླ་མེད་མ་གཉིས་སྦྱར་བའི་ བཀའ་ཁྲིད་སྔར་རང་རེས་མཐོང་ཐོས་སུ་གྱུར་དཀའ་བ་ཞིག་ཆོ་འཕྲུལ་ཟླ་བའི་ཚེས་བཞི་ནས་དབུ་བརྩམས་ཏེ་ བདུན་ཕྲག་བཞིའི་རིང་སྐུ་ངལ་འཛེམས་མེད་ཀྱིས་གནང་རྒྱུའི་བཀའ་བཞེས་བཟང་པོ་བྱུང་བ་ལགས་ན། ཐམས་ཅད་ཀྱིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བཀའ་ཆོས་ཟབ་མོ་གསན་རྒྱུའི་གོ་སྐབས་མ་ཤོར་བ་གནང་ རྒྱུའི་གསལ་འདེབས་ཞུ་རྒྱུ་ཡིན། །

Vietnamese
https://www.youtube.com/watch?v=6M2tDdgeUSw 

Spanish
https://www.youtube.com/watch?v=bb2nFSM00g4 

Korean
https://www.youtube.com/watch?v=kt6T79srAgw 

French
https://www.youtube.com/watch?v=wu4xdHwMHdU 

Portugese
https://www.youtube.com/watch?v=xzMaYgRQa8g 

Polish
https://www.youtube.com/watch?v=LPie7yIna4I 

Chinese
https://www.youtube.com/watch?v=2eP5CfBBhFQ 

Tibetan
https://www.youtube.com/watch?v=ULe_v4V4FOs 

English
https://www.youtube.com/watch?v=PFP2F_vSB_8 

Russian
https://youtu.be/-6Uo7OU9x0c 

ད༽ བཙུན་མའི་དགུན་ཆོས་ཉིན་བཅུ་གཅིག་པ།

འཇུག་པ་སེམས་བསྐྱེད་པ་ལ་སོ་སོར་ཐར་པའི་སྡོམ་པ་དགོས་པར་གསུང་བས་དེ་སྐོར་ཅུང་ཞུ་རྒྱུར། དེ་ཡང་ལམ་སྒྲོན་ལས། སོ་སོར་ཐར་པ་རིས་བདུན་གྱི། རྟག་ཏུ་སྡོམ་གཞན་ལྡན་པ་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། སྐལ་བ་ཡོད་ཀྱི་གཞན་དུ་མིན། ཞེས་གསུངས་པས། འཇུག་པ་སེམས་བསྐྱེད་ཀྱི་རྟེན་གྱི་གང་ཟག་ཇི་ལྟ་བུ་ཞིག་དགོས་ཚུལ་བསྟན། སོ་སོར་ཐར་པར་དབྱེ་ན། བྱེ་བྲག་བཤད་མཛོད་ཆེན་མོར་བདུན་དུ་ གསུངས་ཤིང། མངོན་པ་མཛོད་ནང་སོ་ཐར་རིགས་བརྒྱད་དུ་གསུངས། དེ་ཡང་དགེ་སློང་ཕ་མ་གཉིས། དགེ་སློབ་མ། དགེ་ཚུལ་ཕ་མ་གཉིས། དགེ་བསྙེན་ཕ་མ་གཉིས་ཏེ་བདུན་དང་། བསྙེན་གནས་བཅས་བརྒྱད་ཡོད། ཐར་རྒྱན་ནང་བསྙེན་གནས་ཉིན་ཞག་ཅིག་གི་སྡོམ་པ་དང་། གཞན་བདུན་པོ་སྡོམ་པ་ རྒྱ་ཆེན་ཡིན་པས་འཇུག་པ་སེམས་བསྐྱེད་ཀྱི་རྟེན་དུ་རུང་། དགེ་བའི་བཤེས་གཉེན་ཤཱ་ར་བས། སོ་ཐར་རིས་བདུན་སྨོན་པ་སེམས་བསྐྱེད་ཀྱི་རྟེན་དུ་མ་གསུངས་པའི་རྒྱུ་མཚན་དེ་ལྟར་ཡིན། དེ་ཡང་སོ་སོར་ཐར་པའི་སྡོམ་པ་སྐྱེ་བའི་རྟེན་དུ་དགོས་པ་ལས་། གནས་པའི་རྟེན་དུ་མི་དགོས་གསུང་མཁན་དང་། མདོར་ན་འཇུག་པ་སེམས་བསྐྱེད་ཀྱི་རྟེན་དུ་སོ་སོར་ཐར་པའི་སྡོམ་པ་གནས་པ་གོང་ནས་གོང་དུ་འཕེལ་བའི་ རྟེན་དུ་དགོས་པ་ཤིན་ཏུ་གནད་ཆེ། ཇི་སྲིད་སོ་སོར་ཐར་པའི་སྡོམ་པ་དེའི་སྟེང་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་བྱང་ཆུབ་མ་ཐོབ་བར་དུ་བླངས་ན་སོ་སོར་ཐར་ པའི་སྡོམ་པ་དེ་ཉིད་འཕེལ་བའི་རྟེན་དུ་འགྱུར་བ་ཡིན། བྱང་ཆུབ་སེམས་དཔའི་སྡོམ་རྟེན་ལ་རྩ་ལྟུང་བྱུང་ཡང་བསྐྱར་དུ་གསོ་ནུས། སོ་སོར་ཐར་པའི་སྡོམ་པ་གནས་ཚུལ་དང་། གཏོང་ཚུལ་དང་། ཐོབ་ཚུལ་རྣམས་འབྲོམ་སྟོན་པས་སོ་སོར་ཐར་པའི་ལུགས་བཞིན་སྐྱོང་དགོས་ཚུལ་གསུངས་པ་

ལྟར་བྱང་ཆུབ་སེམས་དཔའི་སྡོམ་པ་གནས་གཏོང་གི་ཚུལ་རྣམས་བྱང་ཆུབ་སེམས་དཔའི་སྡོམ་པ་ནས་བསྟན་པ་ལྟར་བྱ་དགོས་ཚུལ་གསུང། རབ་ཏུ་བྱུང་བའི་སྡོམ་པ་ལ་རྩ་ལྟུང་བྱུང་ན་སོ་སོར་ཐར་པའི་སྡོམ་པ་ལས་དགེ་བསྙེན་གྱི་སྡོམ་པ་བསྐྱར་དུ་ལེན་ཆོག་པ་ལས་རབ་བྱུང་གི་སྡོམ་རྟེན་ལེན་མི་ཆོག ། འབྲོམ་སྟོན་པས་སོ་སོར་ཐར་པའི་སྡོམ་པ་དེ་ཉིད་གནས་པ་དང་སྐྱེ་བའི་རྟེན་གཉིས་ཀར་དགོས་ཚུལ་གསུང། དེ་ལྟར་སྐྱེ་བའི་རྒྱུ་མཚན་རང་གི་ལུས་སྲོག་ལོངས་ སྤྱོད་བསྔོས་ཏེ་ཕན་མི་ཐོགས་པ་ལས་ལོག་སྟེ་ཕན་འདོགས་པ་ལ་ཞུགས་དགོས་པས་སེམས་ཅན་ལ་གནོད་པ་ལས་ལོགས་སུ་གྱུར་ཏེ་ཕན་འདོགས་པའི་བྱ་བ་ལ་ ཞུགས་པས་ན་སྐྱེ་བ་དེ་ལྟར་ཡིན། བཀའ་གདམས་པའི་དགེ་བའི་བཤེས་གཉེན་འགས། གཞན་གནོད་གཞི་བཅས་སྤོང་རྒྱུ་དེ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆ་ ཤས་སུ་གྱུར་ཅིང་། འཇུག་པ་སེམས་བསྐྱེད་ཀྱི་རྟེན་ལ་སོ་སོར་ཐར་པའི་སྡོམ་པ་དེ་ཉིད་ཕུན་སུམ་ཚོགས་པའི་རྟེན་དུ་དགོས་པ་ལས་དེ་མིན་མི་དགོས་གསུང་ མཁན་སྡེ་ཚན་ཁག་ཅིག་ཡོད། གླིང་གསུམ་གྱི་སྐྱེས་པ་བུད་མེད་ལ་སོ་སོར་ཐར་པའི་སྡོམ་པའི་རྟེན་ཡོད་པ་ལས་ལྷ་ལྟ་བུ་ལ་མེད། སོ་སོར་ཐར་པའི་སྡོམ་པ་དེར་ ཀུན་སློང་གི་ཁྱད་པར་གྱིས་རིགས་གསུམ་དུ་གསུངས་ཏེ། ལེགས་སྨོན་གྱི་ཚུལ་ཁྲིམས་སོགས་གསུམ་གསུངས། འདུལ་བའི་ནང་དུ་ཀུན་དགའ་བོ་ལྷ་ཡི་ཆེད་དུ་ ཚུལ་ཁྲིམས་སྲུང་བ་དང་། ཁ་ཅིག་ལྟོ་ཡི་དོན་དུ་ཚུལ་ཁྲིམས་སྲུང་བ་སོགས་སྣ་ཚོགས་མཆིས་པས་དེ་དག་ཀུན་སློང་གི་ཁྱད་པར་ཡིན། འདུལ་བའི་ནང་ཉན་ཐོས་ཀྱི་སྡོམ་རྟེན་ཞིག་ཡོད་ན་ཕྱིས་སུ་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་ཚེ་ཉན་ཐོས་ཀྱི་སྡོམ་པ་དེ་གནས་འགྱུར་ཏེ་བྱང་ཆུབ་སེམས་དཔའི་སྡོམ་པའི་ངོ་བོར་གྱུར་པ་ཡིན། སྔར་སོ་སོར་ཐར་པའི་སྡོམ་པ་བླངས། ཕྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་བླང་ན་གང་ཟག་ཅིག་གི་རྒྱུད་ལ་སྡོམ་པ་གཉིས་པོ་དེ་ཇི་ ལྟར་གནས་ཐུབ་ཅེ་ན། སྔར་སོ་སོར་ཐར་པའི་སྡོམ་པ་དེ་བླངས་ནས་ཕྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་ཚེ་སྔར་གྱི་དེ་ཉིད་གཏོང་བ་ཡིན་བརྗོད་མཁན་ཡོད། དེ་བཞིན་སོ་སོར་ཐར་པའི་སྡོམ་པ་དེ་གནས་འགྱུར་ཏེ་བྱང་ཆུབ་སེམས་དཔའི་སྡོམ་པར་གྱུར་པ་ཡིན། དེས་ན་བྱང་ཆུབ་སེམས་དཔའི་སྡོམ་པ་གནས་པ་ཡིན། ཡང་འགའ་ཞིག་གིས་སོ་སོར་ཐར་པའི་སྡོམ་པ་དེ་གནས་པ་ཙམ་མ་ཟད་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་གནས་པ་སྟེ་གཉིས་ཀ་གནས་པ་ཡིན་ཞེས་བཞེད་ཚུལ་ གཅིག་སྟེ་ཁག་གསུམ་ཡོད། འདོད་པ་དང་པོ་དེ་མི་འཐད། རྒྱུད་འབུམ་པའི་ལུང། གསེར་འགྱུར་གྱི་རྩི། གསང་སྔགས་ཀྱི་དཀྱིལ་འཁོར་དུ་ཞུགས་ན་རྡོ་རྗེ་འཛིན་པར་གྱུར་པ་ཡིན་པས་དེ་ཡང་མི་འཐད་པ་ཡིན། རྒྱུད་འབུམ་པའི་ནང་གི་གང་ཟག་དང་མིང་འཕོས་པ་ལས་ སྡོམ་པ་གནས་འགྱུར་བ་ཡིན། སུམ་ལྡན་རྡོ་རྗེ་འཛིན་པ་ཡིན་ན་མི་འགྱུར། སྤྲིན་ཆེན་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་པ་ཡིན་ན་ཚུལ་ ཁྲིམས་ཕུན་སུམ་ཚོགས་པ་ཡིན་གསུངས་པ་དང་འགལ། སྡོམ་པ་གཉིས་ཀ་ཡོད་གསུངས་པ་དེ་ཉིད་འཐད་ལྡན་དུ་བཞེད། ཐར་རྒྱན་ནང་གསུངས་པ་དེ་དག་སྒྲ་ཇི་བཞིན་མ་ཡིན་ཞེས་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོས་དེ་ལྟར་བཞེད། རྗེ་སྒམ་པོ་པའི་གསུང་འབུམ་གཞན་ནང། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་སྡོམ་པ་གནས་འགྱུར་བ་ཡིན་མིན་བཀའ་འདྲི་ཞུས་པ་ལྟར། ལན་དུ་གནས་འགྱུར་མིན་གང་དུ་འདོད་ཀྱང་བླ་བར་བཞེད། འོན་ཏང་ དེ་ཉིད་གཙོ་བོ་ཀུན་སློང་གི་ཁྱད་པར་ཡིན། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་སྤྱན་སྔ་ནས་པོ་ཏོ་བས་རྭ་སྒྲེང་དུ་སྡོམ་པ་ཞུ་སྐབས་ངེས་འབྱུང་གི་བསམ་པ་ སྐྱེ་དགོས་ཚུལ་གསུངས་པ་ལྟར། ཚུལ་ཁྲིམས་གཙོ་བོ་ངེས་འབྱུང་གི་ཚུལ་ཁྲིམས་ཡིན། ཁ་ཅིག་གིས་འཇིགས་སྐྱོབ་དང་། ལེགས་སྨོན་གྱི་ཚུལ་ཁྲིམས་རྣམ་གཉིས་ ཚུལ་ཁྲིམས་ཡང་དག་མ་ཡིན་པར་བཞེད་པ་དང་། ཚུལ་ཁྲིམས་ཙམ་བཞེད་པ་གཉིས་ཡོད། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་སློབ་མ་ལི་ཐང་་་་་་་་་་་་་་་་་་་་་་་་་་་་་་་་། དེང་གངས་ལྗོངས་སུ་མཆིས་པའི་སོ་ཐར་གྱི་སྡོམ་པ་ཡོངས་རྫོགས་བྱང་ཆུབ་སེམས་ཀྱི་སྡོམ་པ་ཡིན་ཚུལ་ཡིན། སྔར་སོ་སོར་ཐར་པའི་སྡོམ་པ་ལེན། ཕྱིས་སུ་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་སྐབས་མངོན་འགྱུར་གྱི་ཚུལ་དུ་ཡོད་དམ། བག་ལ་ཉལ་གྱི་ཚུལ་དུ་ཡོད་དམ། ཡང་ན་རྣམ་པར་རིག་བྱེད་མ་ཡིན་པའི་ གཟུགས་སུ་ཡོད་བརྗོད་དཀའ། སྡོམ་པ་སོ་སོའི་བསྲུང་བྱ་རྣམས་ཇི་ལྟར་སྲུང་ཚུལ་ནང་ཕན་ཚུན་འགལ་འདུ་ཐུག་པའི་ཉེན་ཆེ། སོ་སོར་ཐར་པའི་སྡོམ་པ་བསྲུང་ཚེ་གསང་སྔགས་ཀྱི་སྡོམ་པ་དང་འགལ་བ་སོགས་ཡོད། དཔེར་ན། སོ་སོར་ཐར་པའི་སྡོམ་པའི་སྐབས་ཆང་ནི་ཉེས་པ་ཀུན་གྱི་རྩ་བ་ ཡིན་སྟབས་རྩྭ་རྩེའི་ཟིལ་པ་ཙམ་ཡང་བཏུང་མི་བཏུབ། འོན་ཏང་གསང་སྔགས་ནང་དམ་ཚིག་གི་རྫས་ཡིན་པས་ཚོགས་ཆང་བཏུང་དགོས། དེས་ན་ཆང་བཏུང་ན་འཐད་མིན་སྐོར་སང་ཉིན་ཞུ་རྒྱུ་ཡིན།

ཐ༽ བཙུན་མའི་དགུན་ཆོས་ཉིན་བཅུ་པ།

དྭགས་པོའི་ཐར་རྒྱན་གྱི་གསུང་ཆོས་འཕྲོ་དེ་མུ་མཐུད་ཞུ་རྒྱུ་ཡིན། ཁ་རྩང་སྐྱབས་རྗེ་འབོ་དཀར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཐག་གཅོད་མདོར་བསྡུས་ཞུས་ཤིང་། ཁ་རྩང་མཛད་སྒོ་དེའི་སྐབས་དམིགས་བསལ་ཅི་ཡང་ཞུ་རྒྱུ་མ་བྱུང་། དེ་རིང་འདིར་དུས་ཚོད་ཕྲན་བུ་ཡོད་སྟབས་ཅུང་ཙམ་ཞུ་ན། ཁ་རྩང་མཁན་རིན་པོ་ཆེ་བློ་གྲོས་ དོན་ཡོད་མཆོག་གིས་ཡང་སྲིད་ངོ་སྤྲོད་ཞུ་ཚུལ་མདོར་བསྡུས་ཞུས་ཟིན་ཀྱང་། འོན་ཀྱང་ངོ་སྤྲོད་ཁ་སྐོང་དུ་འགྱུར་སྟབས་གནས་ཚུལ་མདོར་བསྡུས་ཞུ་རྒྱུ་ཡིན། དུས་ཚོད་ཚེས་གྲངས་ཇི་བཞིན་མི་དྲན་ཡང་ ༢༠༠༤ ལོར་དགོངས་པ་གཞན་དོན་དུ་གཤེགས། དེ་ཉིད་གློ་བུར་ལྟ་བུ་ཡིན་གཤིས་དེ་ཉིན་བཀྲ་ཤིས་དཔལ་འབར་གྱི་གདངས་བརྩམས་པའི་ཉིན་དེར་གློ་བུར་དགོངས་པ་རྫོགས་སྟབས་ཡིད་མ་ཆེས་པ་ལྟ་བུར་གྱུར། དེ་སྔོན་མི་རིགས་བསྐྱོད་རྒྱུར་ལན་གཉིས་གསུམ་ཐབས་བྱས་ཀྱང་བསྐྱོད་མ་ཐུབ། འོན་ཀྱང་དེ་སྐབས་རྒྱ་གར་གཞུང་ལ་སྙན་གསེང་ཞུས་ཏེ་མི་རིགས་ལ་བསྐྱོད་ སྐབས་ད་དུང་ཐེ་ཚོམ་ལྟ་བུར་དགོངས་པ་རྫོགས་ཨེ་ཡོད་དམ་སྙམ་པའི་རྟོག་པ་འཆར། དེ་མཇུག་མི་རིགས་ལ་ལན་འགའ་བསྐྱོད། ལན་ཅིག་མི་རིགས་སུ་ཡོད་སྐབས་རྨི་ལམ་དུ་སྐུ་དམར་གདུང་བཞུགས་ཡོད་སྟབས་ངོས་ཀྱི་ཁྲག་དེ་སྐུ་དེའི་ནང་བཏང་སྟེ་བཞེངས་ཐུབ་པ་བྱུང་ན་གཏོང་སྙམ་པ་ བྱུང་། དེ་སྐབས་ངོས་ཀྱི་རྨི་ལམ་དེས་ངོས་ཀྱི་ཚོར་སྣང་ཅི་ལྟ་བུ་ཞིག་ཡོད་མིན་མཚོན་ནུས་པ་ཡིན། དེ་མཇུག་དགུང་ཞག་ཞེ་དགུའི་དགོངས་རྫོགས་སྐབས་བསྐྱོད་

པས་དེ་སྐབས་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་འབོད་སྐུལ་བྱུང་བར་རང་ཉིད་སྔ་དྲོ་གང་ཞིག་བགྱིད་མིན་ཕྱི་དྲོར་ཚུལ་བཞིན་མི་དྲན་ན་གཞན་གྱི་རྣམ་ཤེས་གང་དུ་ མཆིས་མིན་འཚོལ་རྒྱུ་ཤིན་ཏུ་དཀའ། འོན་ཀྱང་ངོས་ལ་ཡིད་ཆེས་ཆེན་པོ་བགྱིད་ཕྱིར་ཤེས་ཀྱི་མེད་ཅེས་བརྗོད་ཀྱང་མ་འཐུས་སྟབས་གསོལ་འདེབས་བྱས་ན་ཕན་མི་ཡོང་ངམ་སྙམ། མཐའ་མ་དེར་མི་རིགས་སུ་བསྐྱོད་སྐབས་རྨི་ལམ་དུ་མི་རིགས་ཀྱི་བྱང་ཕྱོགས་སུ་འཁྲུངས་པའི་རྨི་ལམ་འཆར་བ་བཞིན་མཁན་པོ་རིན་པོ་ཆེར་མི་རིགས་ཀྱི་བྱང་ ཕྱོགས་གང་དུ་ཡིན་ཞུས་པར་འབྲས་ལྗོངས་སུ་ཡིན་པར་གསུངས། དེ་རྟིང་ལོ་དུ་མའི་རིང་རྟགས་མཚན་མ་ཅི་ཡང་མ་བྱུང། ན་ནིང་ ༢༠༡༤ ལོར་མཚུར་ཕུའི་ལོ་གསར་དུ་་ཕྱི་ཟླ་དང་པོའི་ཚེས་ ༣༠ ཉིན་དེ་སྔ་རྟགས་མཚན་མ་ཇི་ཙམ་སྒུག་ཀྱང་མ་བྱུང་ཞིང་དེ་ཉིན་མོས་གུས་ཁྱད་པར་ཅན་ཞིག་སྐྱེས་བྱུང་ བར་ལམ་སེང་ཡི་གེ་བྲིས་ཏེ་མཁན་རིན་པོ་ཆེར་ཕུལ་བ་ཡིན། ངོས་ནས་བཀའ་བརྒྱུད་སྨོན་ལམ་ཐེངས་སུམ་ཅུ་རྩ་གཉིས་པའི་སྐབས་ཀུན་གྱིས་མཇལ་རྒྱུ་ཡོང་བའི་ གསལ་བཤད་བགྱིས་པ་ལྟར་མཁན་རིན་པོ་ཆེ་མགྲོན་ཁང་ནང་ཟླ་བ་གཅིག་ཙམ་སྒུག་སྟེ་བཞུགས་ཡོད་སྟབས་འཚོལ་ཞིབ་སྡེ་ཚན་ཞིག་བཏང་སྟེ་མིང་ཐོ་འགའ་ ཤས་བསྐུར་ཡང་མིང་ཐོ་དེ་དག་བལྟ་རྒྱུ་མ་བྱུང་། དེ་ལྟར་བགྱིས་ཏེ་ལོ་ངོ་གཅིག་རིང་བསྒུག་པ་ཡིན། སྨོན་ལམ་སྐབས་སོ་གཉིས་པར་ཐམས་ཅད་ཀྱིས་ངང་སྒུག་བགྱིས་ཀྱང་གནས་ཚུལ་ཇི་བཞིན་མ་བྱུང་། སྨོན་ལམ་སྐབས་སོ་གཉིས་པའི་ལས་བྱེད་གསོལ་ཚིགས་ སྐབས་མཁན་རིན་པོ་ཆེ་ཆེད་གཉེར་གདན་ཞུས་ཀྱིས་འཕགས་མ་བདེ་བྱེད་མའི་དགུན་ཆོས་སྐབས་ཡང་སྲིད་རིན་པོ་ཆེ་ཀུན་གྱིས་མཇལ་རྒྱུ་ཡོང་བ་ཞིག་བྱ་བར་ མཁན་རིན་པོ་ཆེ་ཕེབས་དགོས་པ་རེད་ཅེས་ཞུས། དེ་ཉིན་མཚུར་ཕུ་བླ་བྲང་གི་ལས་བྱེད་ཅིག་ཆེད་རྫོང་བགྱིས་ཤིང་། ཁོང་ལ་ཞིབ་ཕྲའི་གནས་ཚུལ་དང་རི་མོ་དང་བཅས་བསྐུར་བར་གྲོང་ཚོ་དེའི་ནང་ཁྱེའུ་དེ་ཉིད་ལས་གཞན་མེད་པ་དེ་འཁྲིད་དེ་ཐོག་མར་མཁན་རིན་པོ་ཆེ་སྐུ་གོང་མ་ དང་ཤིན་ཏུ་འགྲོགས་ཡུན་ཆེ་སྟབས་ཁོང་ཐུགས་རྒྱུས་ཆེ་བས་ཁོང་ཧ་ཅང་ཐུགས་ཡིད་ཆེས་པ་དང་། དེ་མཇུག་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་སྐུ་གོང་མ་དང་ཐུགས་འདྲིས་ཆེ་སྟབས་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས། དེ་བཞིན་སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་སྐུ་མདུན་དུ་བཅར། སྐྱབས་རྗེ་བྱམས་མགོན་སི་ཏུ་རིན་པོ་ཆེའི་སྐུ་མདུན་དུ་ཡང་སྙན་གསེང་ཞུས་པ་ཡིན། མཇུག་ཏུ་མཁན་རིན་པོ་ཆེར་ཡང་སྲིད་ཇི་ལྟར་འདུག་ཅེས་ཞུས་པར་བརྒྱ་ཆ་བརྒྱ་ཐམ་པ་དེ་ཉིད་རང་ཡིན་གསུངས་ཏེ་ངོས་ནས་ཐག་མ་བཅད་གོང་མཁན་རིན་པོ་ ཆེས་ཐུགས་ཐག་བཅད་གྲུབ།ཁོང་ངོས་འཛིན་ཞུ་བའི་སྐབས་ཀྱི་ལོ་ཚོད་དང་ངོས་རང་ངོས་འཛིན་བྱེད་སྐབས་ཀྱི་ལོ་ན་གཉིས་གཅིག་གྱུར་ཡིན་སྟབས་ཁོང་ལ་རིག་ སྐབས་ཕ་མ་དང་ཐ་དད་དུ་གྱུར་པར་སྙིང་རྗེའི་ཚོར་ཤུགས་དྲག་པོ་བྱུང་། དེང་མི་མང་པོ་ཞིག་གིས་སྤྲུལ་སྐུ་བྱ་རྒྱུར་མོས་པ་ཆེན་པོ་འདུག འོན་ཀྱང་སྤྲུལ་སྐུ་བྱ་རྒྱུར་ལས་སླ་པོ་མེད། ཅེས་བཀའ་སྩལ། །

ཏ༽ བཙུན་མའི་དགུན་ཆོས་ཉིན་དགུ་པའི་གསུང་ཆོས།

སྐྱབས་འགྲོ་ལས་འཕྲོས་ཏེ་ཚིག་འགའ་ཞུ་རྒྱུར། དེ་ཡང་། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་རཏྣ་ཞེས་པའི་སྐད་དོད་དེ་སྒྲ་ཐད་སྒྱུར་མ་ཡིན་པར་དོན་སྒྱུར་བྱས་པ་ཡིན། རིན་པོ་ཆེ་ཞེས་སྒྱུར་ན་རྡོ་རིགས་གཙོ་ཆེ་བ་རྣམས་ལ་ཡང་འཇུག། དཀོན་མཆོག་ཅེས་པ་དོན་དང་ལྡན་ཞིང་མཚུངས་ཆོས་ཀྱི་ཡོན་ཏན་དྲུག་དང་ལྡན་པའི་སྒོ་ནས་དཀོན་མཆོག་ཅེས་བརྗོད་པ་ཡིན། དེ་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། རྒྱན་འགྱུར་ཕྱིར་དང་མཆོག་ཉིད་ཕྱིར། འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། ཅེས་གསུངས་པ་ལྟར་རྒྱུ་མཚན་དྲུག་གི་སྒོ་ནས་རིན་པོ་ཆེ་དང་ཆོས་མཚུངས་པའི་ ཕྱིར་རིན་པོ་ཆེ་ཞེས་བརྗོད་པ་ཡིན། དེས་ན་འཇིག་རྟེན་བཀོད་པ་པོ་ལའང་དཀོན་མཆོག་ཅེས་ཐ་སྙད་འཇོག། སྤྱིར་གྲུབ་མཐའ་དུ་མར་དཀོན་མཆོག་གཅིག་ལས་མེད། འགའ་ཞིག་ལ་དཀོན་མཆོག་དུ་མ་ཡོད་པའང་ཡོད། འོན་ཀྱང་ནང་པ་ལ་དཀོན་མཆོག་རྣམ་པ་གསུམ་དུ་འཇོག་པ་ཡིན། དེ་ལྟར་ཡང་རྒྱུད་བླ་མ་ལས། སྟོན་པ་བསྟན་པ་སློབ་དོན་གྱིས། ཐེག་པ་གསུམ་དང་བྱེད་གསུམ་གྱི། མོས་པ་རྣམས་ཀྱི་དབང་བྱས་པས། སྐྱབས་གསུམ་རྣམ་པར་བཞག་པ་ཡིན། ཞེས་གསུངས།

རིགས་ཅན་གསུམ་ཞེས་པ་ནི། ཐེག་པ་ཆེན་པོའི་རིགས་ཅན་དང་། རང་རྒྱལ་གྱི་རིགས་ཅན་དང་། ཉན་ཐོས་ཀྱི་རིགས་ཅན་ནོ། ཐེག་པ་ཆེན་པོ་རྣམས་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བྱ་གཙོ་བོར་འཛིན་སྟབས་ཐེག་པ་ཆེན་པོའི་རིགས་ཅན་ལ་དགོངས་ཏེ་སངས་རྒྱས་དཀོན་མཆོག་ གཙོ་བོར་གསུངས། རང་རྒྱལ་གྱི་རིགས་ཅན་རྣམས་ཀྱིས་སྟོན་པས་བསྟན་པའི་ཆོས་མྱ་ངན་ལས་འདས་པ་འཐོབ་བྱའི་གཙོ་བོར་འཛིན་པས་དེ་ལ་དགོངས་ནས་ ཆོས་དཀོན་མཆོག་གཙོ་བོར་གསུངས། ཉན་ཐོས་ཀྱི་རིགས་ཅན་རྣམས་དགེ་བའི་བཤེས་གཉེན་རྣམས་ཀྱི་གདམས་ངག་ལ་བརྟེན་ནས་རྒྱུན་ཞུགས་དང་། ཕྱིར་འོང་དང་། པྱིར་མི་འོང་། དགྲ་བཅོམ་པའི་གོ་འཕང་འཐོབ་བཞིན་ཡོད་པས་དེ་ལ་བརྟེན་ནས་དགེ་འདུན་དཀོན་མཆོག་གཙོ་བོར་བསྟན་པ་ཡིན། རིགས་ཅན་གསུམ་གྱི་རྣམ་གཞག་ལ་དགོངས་ནས་དཀོན་མཆོག་གསུམ་དབྱེ་ཚུལ་དེ་ལྟར་ཡིན། དེ་ཡང་འོ་སྐོལ་རྣམས་ལས་ཉོན་གྱི་ནད་ཚབས་ཆེན་གྱིས་ ཟིན་སྟབས་སྨན་པ་ལྟ་བུའི་སངས་རྒྱས་དཀོན་མཆོག་དང་། སྨན་ལྟ་བུའི་དམ་པའི་ཆོས་དང་། སྨན་ཞབས་ལྟ་བུའི་འཕགས་པའི་དགེ་འདུན་རྣམ་པ་གསུམ་ལ་ བརྟེན་ཏེ་ནད་ལས་སྒྲོལ་དགོས་པ་ལྟར། སྟོན་པ་བསྟན་པ་སློབ་དོན་གྱིས་ཞེས་སོགས་ཚིགས་བཅད་གཅིག་གིས་རྒྱུ་སྐྱབས་དང་འབྲས་སྐྱབས་གཉིས་ཀྱང་ བསྟན། རྒྱུ་ཡི་སྐྱབས་འགྲོ་གཞན་རྒྱུད་ལ་གྲུབ་ཟིན་པའི་སྐྱབས། འཇིགས་པ་གང་རུང་ལས་སྐྱོབ་པའི་ཕྱིར་སྐྱབས་དང་དཔུང་གཉེན་ཞུའོ་སྙམ་པའི་བློ། རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱི་རྒྱུད་ལ་མཆོག་གསུམ་གྲུབ་ཟིན་པའི་སངས་རྒྱས་ལྟ་བུར་གྱུར་ཡོད། རྒྱུན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ སྐྱབས་གནས་ཞུ་རྒྱུ་དེ་བཞིན་རྒྱུ་ཡི་སྐྱབས་སུ་གྱུར་ཡོད། འབྲས་སྐྱབས་ནི། རང་གི་ཐོབ་བྱར་འགྱུར་བའི་དཀོན་མཆོག་དེ་འཇིགས་པ་གང་རུང་ལས་སྐྱོབ་པའི་དཔུང་གཉེན་དུ་དམ་བཅའ་བ་དེ་འབྲས་སྐྱབས་ཡིན། སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་དོན་གཉེར་བྱ་བའམ་དེ་ཉིད་མངོན་དུ་འགྱུར་བའི་ཐབས་ལ་བརྩོན་པ་དེ་ཡིན། ཐེག་པ་ཆེན་པོ་མན་ཆད་རྣམས་ཀྱིས་སངས་རྒྱས་མངོན་དུ་འགྱུར་ཐབས་ཀྱི་དོན་གཉེར་མི་བྱེད་པར་དམ་པའི་ཆོས་ལ་དོན་གཉེར་བྱེད་པ་ཡིན། ལས་དང་པོ་ལ་ཡིད་ཆེས་ཀྱི་དད་པ་དགོས། དེ་བཞིན་ལས་དང་པོ་པར་རྒྱུ་སྐྱབས་གནད་ཆེ་བ་ཡིན་ཅིང་། རིམ་པས་མངོན་འདོད་ཀྱི་དད་པའང་དོན་གཉེར་བྱ་དགོས། དེ་ཉིད་ཐོབ་ཕྱིར་བརྩོན་པ་ཞིག་ལ་འབྲས་བུའི་སྐྱབས་སུ་བརྗོད་པ་ཡིན། སྐྱབས་སུ་འགྲོ་བའི་ཕན་ཡོན་སྐོར། ནང་པར་ཚུད་པ་ཞེས་པ་སྐྱབས་གནས་གསུམ་པོ་དེར་དམ་པར་བྱེད་མིན་ལ་རག་ལུས། སངས་རྒྱས་ཀྱི་གདུལ་བྱ་འདུལ་བའི་ཕྱིར་དུ་རྣམ་པ་འདྲ་མིན་དུ་སྟོན་པ་སྐབས་རེ་ཡིད་སྲུབས་དང་། བརྒྱ་བྱིན་དང་། ཕྱི་རོལ་པའི་སྟོན་པ་སོགས་ཀྱི་རྣམ་པར་སྟོན་པའི་སྐབས་ཕྱི་རོལ་པ་རྣམས་ཀྱིས་སྐྱབས་སུ་འགྲོ་བས་དེ་ཉིད་སྐྱབས་འགྲོར་གྱུར་མི་འགྱུར། སྤྱིར་སངས་རྒྱས་ལ་སྐྱབས་སུ་འགྲོ་ཡང་དེ་སྐབས་རང་ཉིད་ཀྱི་རྣམ་པའི་ལྷར་གྱུར་པ་ཡིན། སྐྱབས་འགྲོ་དང་སྐྱབས་འགྲོའི་སྡོམ་པ་གཉིས་ལ་དབྱེ་བ་འབྱེད་དགོས། སྐྱབས་འགྲོའི་སྡོམ་པ་སྐྱབས་འགྲོའི་དམ་བཅའ་རྣམས་ཇི་སྲིད་འཚོ་ཡི་བར་སྲུང་དགོས། སྐྱབས་འགྲོ་ཙམ་ལ་དམིགས་བསལ་བསླབ་བྱ་མེད། སྐྱབས་འགྲོའི་སྡོམ་པ་ཐོབ་པར་མནོ་བསམ་གཏོང་ཤེས་པ་ཞིག་དགོས། འོན་ཀྱང་མི་མ་ཡིན་གྱི་འཚེ་བ་ལས་ལས་སྐྱོབ་པ་སོགས་ཕན་ཡོན་ཆེ་བ་ཡིན་པར་(བྱེ་བྲག་བཤད་མཛོད་ཆེན་པོ་ལས་གསུངས།) སྐྱབས་འགྲོའི་སྡོམ་པ་སྐྱེ་བའི་རྟེན་དང་། གནས་པའི་རྟེན་གཉིས་ཀར་དགོས་ཚུལ་དུ་བཞེད་པ་ཞིག་དང། སྐྱེ་བའི་རྟེན་ལས་གནས་པའི་རྟེན་དུ་མི་བཞེད་པ་ཡོད་པས་ འདི་སྐབས་ཕྱི་མ་གནད་དུ་བཟུང་། དགེ་སློང་མའི་སྡོམ་པའི་ལྟུང་བྱེད་ནང་དཀོན་མཆོག་སྤོང་བའི་ལྟུང་བྱེད་ཅེས་པ་ཞིག་མཆིས་སྟབས་གནས་པའི་རྟེན་དུ་ངེས་པར་ཡོད་པའི་ཁྱབ་པ་མེད། མཛོད་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། སྐྱབས་སུ་མ་སོང་བ་ལ་མེད། བསྙེན་གནས་སྡོམ་པ་དེ་ཉིན་ཞག་ཅིག་གི་སྡོམ་པ་ཡིན་པས་ཐེག་ཆེན་གསོ་སྦྱོང་ཡང་འགྱུར་ཆེ་ཞིང་ཉིན་ཞག་གི་སྡོམ་པ་ཡིན་སྟབས་འགའ་ཞིག་གིས་སྡོམ་པ་དེ་ ཉིད་ནོོད་པར་བྱེད། ཐེག་པ་ཆེན་པོ་གསོ་སྦྱོང་གི་སྡོམ་པ་དེ་ཉིད་སྡོམ་པ་དེ་ཙམ་སྲུང་མི་ནུས་པའི་ཁྱིམ་པ་རྣམས་ལས་རབ་བྱུང་གི་སླད་དུ་མིན། དོན་ཞགས་ཀྱི་རྒྱུད་དམ་ཆོ་གར་རབ་བྱུང་དགེ་སློང་ཕོ་མོ་རྣམས་ཀྱིས་ཀྱང་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལེན་དགོས་པར་གསུངས། སྤྱིར་རབ་ཏུ་བྱུང་བ་རྣམས་ཀྱིས་གསོ་སྦྱོང་གི་སྡོམ་པ་ལེན་ན་འགྲིག་མིན་གྱི་རྩོད་པ་ཡོད། དེ་ཉིད་ཀྱིས་ཇི་སྲིད་འཚོ་བའི་སྡོམ་རྟེན་དེ་ཉིད་སྒྲིབ་པའི་རྐྱེན་དུ་འགྱུར་མིན་གླེང་གཞི་ཡོད། དེ་ཡང་གཙོ་བོ་བསམ་པའི་ཁྱད་པར་ཡིན། དེ་རིང་ནས་སང་ཉི་མ་མ་ཤར་གྱི་བར་དུ་སྲུང་བ་ལས་དེ་ཕན་ཆད་མིན་སྙམ་ན་ཉེན་ཆེ། རྒྱུན་དུ་སྡོམ་པ་ཡོད་མོད་ཀྱང་བག་ཡོད་དྲན་ཤེས་དེ་ཙམ་མི་བསྟེན་པས། ཉིན་ཞག་ཅིག་གི་སྡོམ་རྟེན་ཡིན་ཡང་ཚུལ་བཞིན་སྲུང་བར་བྱའོ་སྙམ་པའི་བློ་འཆང་ཚེ་མི་སྟོ། སྔོན་གྱི་བླ་མ་གོང་མ་རྣམས་ཀྱི་ཕྱག་བཞེས་ལ་བསྙུང་གནས་ཀྱི་སྡོམ་པར་ཁྱིམ་པ་རྣམས་གནས་ཚེ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡོད་སྟབས་བསྙེན་བཀུར་གྱི་ ཡུལ་དུ་བཟུང་ཞིང་། དེ་ཉེད་དེའི་སྐབས་སུ་རྒྱུན་གྱི་དགེ་སློང་ལས་ཀྱང་ཁྱད་པར་འཕགས་པར་བཟུང་བ་ཡིན། སྐྱབས་འགྲོའི་སྡོམ་པར་ལྟུང་བྱེད་གཙོ་བོ་སངས་རྒྱས་དཀོན་མཆོག་སྤང་ཚེ་སྐྱབས་འགྲོའི་སྡོམ་པ་གཏོང་བ་ཡིན། གཏོང་བྱེད་ཀྱི་རྒྱུ་དང་། ཉམས་བྱེད་ཀྱི་རྒྱུ། ཐར་རྒྱན་ནང་གཏོང་བྱེད་ཀྱི་རྒྱུ་ལྷ་གཞན་ལ་སྐྱབས་སུ་འགྲོ་བ་དང་། ཉམས་བྱེད་ཀྱི་རྒྱུ་སེམས་ཅན་གཞན་ལ་འཚེ་བ་བྱས་ན་ཉམས་བྱེད་ཀྱི་རྒྱུར་འགྱུར། སྐྱབས་འགྲོའི་བསླབ་བྱ་ལའང་། བསྟན་བཅོས་ལས་གསུངས་པའི་བསླབ་བྱ་དང་། མན་ངག་ལས་བྱུང་བའི་བསླབ་བྱ་སྟེ་གཉིས་ཡོད། དེ་ཡང་བསྟན་བཅོས་ལས་བྱུང་བ་ནི་ས་སྡེ་ལྔ་ལས་བྱུང་བ་རྣམས་དང་། མན་ངག་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་གསུངས་པའི་དགག་སྒྲུབ་དང་། ཆ་མཐུན་གྱི་བསླབ་བྱ་རྣམས་ཡིན། ཆོས་ཚུལ་བཞིན་ཉམས་སུ་ལེན་པར་བྱ་བ་ལ། སངས་རྒྱས་སྨན་པ་ལྟ་བུར་ངོས་འཛིན་ནས་དེ་ཉིད་ཀྱིས་ནད་ཀྱི་ གཉེན་པོ་སོ་སོར་སྨན་ཇི་ལྟར་གཏོང་ཚུལ་བཀའ་བསྒོ་བ་ལྟར་ཚུལ་བཞིན་གཏོང་དགོས་པ་ལས་སྨན་ཡོད་དོ་ཅོག་གིས་མི་སྨན་པ་ལྟར་སངས་རྒྱས་སྨན་པ་ལྟ་བུས་ ལས་ཉོན་གྱི་ནད་ཀུན་གྱི་གཉེན་པོར་གསུངས་པའི་སྨན་རྣམས་ཉོན་མོངས་པས་མནར་བའི་ནད་པ་རང་ཉིད་ཀྱིས་ཚུལ་བཞིན་གཏོང་དགོས། དེ་བཞིན་དཀོན་མཆོག་དང་བློ་ཐག་ཉེ་བར་ཆས་པ་དང་། མོས་པ་དང་དག་པའི་སྣང་བ། བྱམས་པ་དང་སྙིང་རྗེ། ཤེས་རབ་དང་སྙིང་རྗེ་རྣམས་བླ་ནས་བླར་འཕེལ་བའི་ཐབས་སུ་འགྱུར་དགོས།