slider-photo-1.jpg
Shadow
The Arrival of Kyabgön Goshir Gyaltsab Rinpoche

The Arrival of Kyabgön Goshir Gyaltsab Rinpoche

Tergar Monastery, Bodhgaya
10 December 2025


༄༅། །ཕྱི་ལོ་༢༠༢༥ཟླ་༡༢ཚེས་༡༠ཉིན། སྒྲུབ་བརྒྱུད་བསྟན་པའི་གཙུག་ནོར་༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་༧དྲུང་གཽ་ཤྲཱི་རིན་པོ་ཆེ་མཆོག་སྦས་ཡུལ་འབྲས་མོ་ལྗོངས་ནས་ཆིབས་འཁོར་བརྒྱུད་དེ། བི་ཧཱར་མངའ་སྡེའི་ག་ཡཱ་རྫོང་གི་བྱོན་ལམ་ནས་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་པའི་སྨོན་ལམ་ཆེན་མོའི་སྤྱི་ཁྱབ་འགན་འཛིན་བླ་མ་ཀརྨ་ཆོས་གྲགས་དང་། མཚུར་ཕུ་བླ་བྲང་གི་ལས་སྣེ་དང་། ཡོངས་དགེ་གཏེར་སྒར་དགོན་གྱི་འགན་འཛིན་ལས་སྣེ་དང་། འཕགས་མ་བདེ་བྱེད་མའི་དཔྱིད་ཆོས་ཐེངས་བཅུ་པའི་གོ་སྒྲིག་གི་མཁན་བླ་ལས་སྣེ་སོགས་ནས་ཕེབས་བསུ་དང་པོ་ཞུས། 
དེ་རྗེས་དངོས་གཞི་གནས་མཆོག་རྡོ་རྗེ་གདན་གྱི་ཉེ་འདབས་ཡོངས་དགེ་གཏེར་སྒར་དགོན་དུ་ཞབས་ཀྱི་པདྨོ་མངོན་པར་བཀོད་པ་ན། བྱོན་ལམ་གཙང་མར་བྱས་ཤིང་མེ་ཏོག་གིས་སྤྲས། གཏེར་སྒར་དགེ་འདུན་འདུས་ཚོགས་ནས་སེར་སྦྲེངས་ཀྱི་བཀོད་པ་དཀྱུས་སུ་རིང་བ་བསྒྲིགས་པ་དང་། དབུ་གདུགས་འཕན་གསུམ་དང་། གཙུག་ལག་ཁང་གི་ཡང་སྟེང་དུའང་དར་སྣ་ཚོགས་ཀྱི་ལྡ་ལྡི་བྲེས་ཤིང་། དུང་རྒྱ་སྤོས་སྣེ། ཐོག་རོལ། འཕགས་མ་བདེ་བྱེད་མའི་དཔྱིད་ཆོས་ཐེངས་བཅུ་པའི་རྒྱ་བལ་འབྲུག་གསུམ་གྱི་འཕགས་ཚོགས་འདུས་དམངས་བརྒྱ་ཕྲག་དུ་མ་དང་། གཉུག་མར་གནས་པ་དང་ཤར་ནུབ་ཀྱི་དད་ལྡན་པ་ཀུན་ནས་ཕྱག་ཏུ་མཆོད་རྫས་མེ་ཏོག་དང་དཀར་གཙང་སྲིད་ན་རིང་བའི་ལྷ་གོས་ཨ་ཤེ། དྲི་བཟང་བདུག་སྤོས་སོགས་ཐོགས་ཏེ་ཕེབས་བསུ་སྟར་ལ་བསྒྲིགས། དེ་རྗེས་གཙུག་ལག་ཁང་དུ་གཡས་བསྐོར་བརྒྱུད་དེ་གཟིམ་ཆུང་ཡང་ཐོག་ཏུ་གདན་དྲངས། རྟེན་འབྲེལ་གསོལ་ཇ་བཞེས་འབྲས་འདེགས་འབུལ་དང་བཅས་གཟིམ་ཆུང་ཡང་རྩེ་རུ་སྐུ་བཞུགས་མཛད་དོ། །


On December 10, 2025, the 7th Kyabgön Goshir Gyaltsab Rinpoche arrived in Bodhgaya from Sikkim. 
He was received at the first welcome point by Lama Karma Chödrak, the Chief Executive of the Kagyü Mönlam Chenmo; representatives from the Tsurphu Labrang office; officials from Yongey Tergar Monastery; and the organising committee of lamas and officials for the 10th Ārya Kshema Dharma Gathering. 
The Arya Kshema nuns lined the road to the monastery and two nuns scattered flower petals on the road ahead of Rinpoche’s car.
Inside Tergar Monastery, the paths had been purified and adorned with flowers. The monastery's monastic assembly had arranged themselves in long rows wearing ceremonial attire. Gyaltsab Rinpoche was escorted in a golden procession from the gate of the monastery to his quarters above the shrine hall. The brocaded box containing Rinpoche’s Red Crown was borne by one of his attendants, respectfully balanced on his shoulder, as is traditional with sacred objects.
Victory banners, parasols, and canopies were displayed, and on the upper levels of the temple, colourful prayer flags fluttered. With the sounds of conch shells, gyalings, incense offerings, and cymbals, hundreds of monastics attending the 10th Ārya Kshema Spring Teachings, the monks and staff of Yongey Tergar Monastery and lay followers welcomed him. Everyone held offerings of flowers and ritual substances in their hands, presented long white silk scarves (khatas) as far as possible, and held fragrant incense—all arranged in welcoming rows. Afterwards, he proceeded clockwise around the temple and was escorted to the upper guest quarters. With auspicious connections established, tea was served with ceremonial refreshments, and Gyaltsab Rinpoche settled into his quarters.

2025.12.10 - The Arrival of Kyabgön Goshir Gyaltsab Rinpoche