Mahabodhi Stupa
Bodhgaya
11 December 2025 AM
༄༅། ། ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༡༡ ཉིན། སྔ་དྲོ་ཕྱག་ཚོད་བརྒྱད་དང་ཕྱེད་ཐོག་ཏུ། ༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་༧དྲུང་གཽ་ཤྲཱི་རིན་པོ་ཆེ་མཆོག་སྟོན་འཁོར་རྡོར་གདན་བཞུགས་མཚེར་ཡོངས་དགེ་གཏེར་སྒར་དགོན་པ་ནས་ཆིབས་འཕྲུལ་བརྒྱུད་དེ་མཆོད་རྟེན་རིན་པོ་
ཆེར་གནས་གཟིགས་སུ་བྱོན། མཆོད་རྟེན་ལས་ཁུངས་ཀྱི་མདུན་ནས་ཆིབས་འཕྲུལ་ལས་བཤོལ་འཕྲལ་མཆོད་རྟེན་འགོ་བྱེད་ཀྱི་བནྡེ་དང་དྲུང་ཆེ་སོགས་འབྲེལ་ཡོད་ནས་བྱོན་བསུའི་མཇལ་དར་ཕུལ་བ་ཕྱིར་སྩལ། མཆོད་རྟེན་ལས་ཁུངས་ནས་དམིགས་བསལ་ཆེད་དུ་གོ་སྒྲིག་ཞུས་པའི་ཆིབས་འཁོར་གསར་པ་བརྒྱུད་དེ་དད་ལྡན་པ་སྟོང་ཚོ་ནས་མདུན་བདར་ཏེ་མཆོད་རྟེན་ཤར་སྒོའི་མཚམས་ཀྱི་ལས་
ཁུངས་སུ་གདན་དྲངས། དེ་རྟིང་མཆོད་རྟེན་འགོ་བྱེད་དང་དད་འདུས་སྟོང་ཚོའི་དབུས་ནས་ལྷ་ཁང་ལ་གནས་གཟིགས་ཀྱིས་བདག་ཅག་གི་སྟོན་པའི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེར་གོས་ཆེན་སངས་རྒྱས་སྐུ་ཤའི་
ན་བཟའ་སྒྲོན་འབུལ་དང་གསོལ་ལྷུང་ཡན་ལག་བདུན་པའི་གྲངས་ལྡན་དུ་འགེངས་པར་མཛད། བནྡེ་རྣམས་དང་སྟོན་འཁོར་ལྷན་དུ་ཐུབ་བསྟོད་དང་ཡན་ལག་བདུན་པའི་ཞལ་འདོན་གྱི་སྒོ་ནས་ཐུགས་སྨོན་རྒྱ་ཆེ་མཛད།
སྐོར་ལམ་ནང་མ་ལ་ཞབས་བསྐོར་མཛད། རང་རིགས་དང་ཧི་མཱ་ལ་ཡའི་རི་རྒྱུད་གཙོས་ཤར་ནུབ་ཀྱི་དད་ལྡན་པ་རྣམས་ལ་ཞལ་མཇལ་གསུང་ཐོས་ཀྱི་དབུགས་དབྱུང་སྩལ་ཏེ་ཕྱིར་བཞུགས་མཚེར་ཡོངས་དགེ་གཏེར་སྒར་དུ་བྱོན།
On December 11, 2025, at 8:30 am in the morning, Kyabgön Goshir Gyaltsab Rinpoche travelled by car from his residence at Tergar Monastery to the Mahabodhi Temple Complex. Upon alighting from the vehicle at the main gate to the stupa grounds, he was welcomed by the secretary of the Bodhgaya Temple Management Committee, Dr (Smt.) Mahashweta Maharati and other officials, who escorted him on his pilgrimage. The Stupa Office specially provided an electric buggy for Rinpoche to use for the long walk to the BTMC office near the eastern gate of the stupa.
On foot, he proceeded down the stairs to the Mahabodhi Stupa itself and into the main shrine room. There, he made offerings of ceremonial robes and butter lamps to the liberation-upon-seeing precious image of the Buddha and filled the offering bowls with the complete set of seven-branch offerings. Together with the administrators and the winter gathering participants, he made extensive aspirations through the recitation of praises to the Buddha and the seven-branch prayer.
Leaving the shrine room, he completed his pilgrimage by circumambulating the temple before returning to Tergar Monastery. During his visit, Rinpoche was able to bless hundreds of devotees, including Tibetans and people from the Himalayan regions as well as foreigners, who had come to the Mahabodhi Stupa to greet him.

















